93340

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོ་ཁུང་ (1)
Part of speech མིང་ཚིག
Definition འབེན་སོགས་མེ་མདའ་ཡིས་ཚད་ཐིག་ལེན་སའི་སོ་ཁུང།
Example སོ་ཁུང་ལ་མ་ཞོག་ན་འབེན་ལ་མི་ཕོག སོ་ཁུང་ལ་བླངས་ནས་མདའ་འཕེན་དགོས་ལྟ་བུ།
སོ་ཁུང་ (2)
Part of speech མིང་ཚིག
Definition སོ་ལྟ་བྱ་སའི་བུ་ག
Example དམག་མིས་སོ་ཁུང་ནས་བལྟས་འདུག སོ་ཁུང་ནང་བླངས་འདུག་པས་ཐར་ས་མེད་ལྟ་བུ།
སོ་ཁུང་ (3)
Part of speech མིང་ཚིག
Definition ཁའི་སོའི་བུ་ག
Example སོ་ཁུང་ནང་གི་སོ་སྐྱག སོ་ཁུང་བཀྲུས་ནས་གཙང་མ་བཟོས་ལྟ་བུ།
སོ་ཁུང་ (4)
Part of speech མིང་ཚིག
Definition སོ་བུད་ཤུལ་གྱི་ཨི་ཁུང།
Example སོ་ཁུང་ནང་ནས་ཁྲག་ཐོན་ལྟ་བུ།