93355

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོ་ཆ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། ཤིང་ཚེར་མ་ཅན་འབྲས་བུ་མིའི་རླིག་འབྲས་འདྲ་བ། ཁམ་སྐམ་ཙམ་གྱི་ནང་དུ་ཆི་གུ་དོང་གི་འབྲུ་འདྲ་བ་ཡོད་པ་དེ་ཡིན། རྒྱ་ནག་ནས་ཆེ་ཆུང་དེ་ཙམ་ལ་འབྲས་བུ་ཟུར་གསུམ་ཕྱོགས་མཚོན་ཙམ་པ་ནག་ལ་རྩུབ་པའི་ནང་དུ་ཚི་གུ་རང་གང་དཀར་སེར་སྣུམ་པ་དེས་ཀྱང་འདྲེན་པར་འདྲ་བ། ཁ་ཅིག་ལུང་ཏང་གི་ཕྱི་ཕགས་འདྲ་དཔེ་བཤད་པ་ལྟར་དེས་བྱེད་པ་ཡང་སྐྱུགས་འདྲེན་ཐུབ་པར་བཤད་པ་དང་ལྡུམ་ཕོ་ཆེ་ཞེས་པ་སྟག་ཡུངས་པའང་ཟེར། སྲིབ་ཀྱི་སྟག་མ་སོགས་ཤིང་སུབ་ཆེ་ལ་འབོལ་བའི་ས་ལས་སྐྱེ་བ། སྡོང་པོ་ཁོང་སྟོང་མཐོ་གང་ཙམ་པ་ལ་གྲ་མ་མེད་པའི་སྙེ་མ་འདྲ་བ། ནང་དུ་འབྲུ་རྒྱ་མེད་པའི་ས་བོན་འདྲ་ལ་ཞིབ་པ་ཅན་གྱི་རྟིང་པ་ཉུངས་རྡོག་འདྲ་མཇུག་མ་ཤིང་གི་རྩ་ཕྲན་དྲ་བ་ཅན་དེས་ཀྱང་འདྲེན་ཤད་ཆུང་ཙམ་འདྲེན་པས་ན་ཕྱི་མ་རིམ་པས་དམན་པའོ། །སྟོད་དུ་འདྲེན་བྱེད་སོ་ཆ་ནི་ཚད་རོང་དག་ལས་སྐྱེ་བ་ཡིན། ཤིང་སྡོང་ཆེ་ལ་རབ་ཏུ་མཁྲེགས། ལོམ་སྣུམ་ལ་ཕྲ་བ་སྟེ། མེ་ཏོག་དཀར་ལ་འབྲས་བུ་ནི། མི་རྒན་དག་གི་འབྲས་བུ་འདྲ། རོ་ནི་ཚ་ལ་ཡིད་ཙམ་སྣུམ། རང་གི་ནུས་པས་བད་ཀན་སོགས། ནད་རྣམས་ཐམས་ཅད་གྱེན་དུ་འདྲེན། སྐྱུགས་སྨན་ཀུན་གྱི་གཙོ་བོ་ཡིན།

{{#arraymap:སོ་ཆ་

|; |@@@ | | }}

སོ་ཆ་ (2)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཡེ་ཤེས་ཀྱི་ཐོབ་སྐལ་དབུ་མའི་དབུགས་ནི་དབུགས་དེ་དག་ལས་ལོགས་སུ་མེད་ཅིང་། དེ་རྣམས་ཉིད་ཀྱི་སྟེང་ནས་རྩི་སྟེ། དབུགས་གཅིག་གི་སྟེང་ནས་དབུགས་དེ་ཉིད་ཆ་སུམ་ཅུ་སོ་གཉིས་སུ་བཏང་པའི་ཆ་གཅིག་སྟེ། འདིའི་མིང་ལ་སོའི་ཆ་ཟེར་རོ། །
Domain ཆོས་ལུགས།

{{#arraymap:སོ་ཆ་

|; |@@@ | | }}