93365

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོ་ཐར་གྱི་སྡོམ་པ་ཐོབ་ཚུལ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སོ་སོ་ཐར་པ་ཞེས་བྱ་བའི་སྡོམ་པ་ནི་གཞན་གྱི་གསོལ་བ་དང་བརྗོད་པ་ལ་སོགས་པའི་རྣམ་པར་རིག་བྱེད་སོགས་ཀྱིས་བསྡུས་པ་འཐོབ་བོ། །དེ་ལ་སོགས་པའི་སྒྲས་ནི་རང་གི་སེམས་པ་དང་ལུས་ངག་གི་རིག་བྱེད་གཟུང་ངོ་། །དེ་ཡང་དགེ་སློང་ཕ་མ་དང་དགེ་སློབ་མའི་སྡོམ་པ་རྣམས་ནི་དགེ་འདུན་ལས་འཐོབ་ལ། དགེ་བསྙེན་ཕ་མ་དང་། དགེ་ཚུལ་ཕ་མ་དང་། བསྙེན་གནས་པ་རྣམས་ནི་གང་ཟག་ལས་སོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:སོ་ཐར་གྱི་སྡོམ་པ་ཐོབ་ཚུལ་

|; |@@@ | | }}