93367
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། སོ་ཐར་གྱི་སྡོམ་པ་ཐོབ་པ་དང་གནས་པ་ལ་བར་དུ་གཅོད་པའི་རྣམས་ཀྱི་བྱེད་ལས་ཏེ་ནུས་པ་ལའོ། །དེའི་གོ་དོན་རྒྱས་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བར་ཆད་རྣམས་ཀྱི་བྱེད་ལས་ཡོད་དེ། སྡོམ་པ་འབོགས་པ་པོ་དང་། ལེན་པ་པོ་ལ་ཉེས་པ་བསྐྱེད་པར་བྱེད་པའི་ཕྱིར། དེ་ཡང་ཕ་མས་མ་གནང་བའི་ཁྱེའུ་རབ་བྱུང་བྱེད་པ་ལྟ་བུ། ལེན་པ་པོ་དང་འབོགས་པ་པོ་གཉིས་ཀ་ལ་ཐུན་མོང་དུ་ཉེས་པ་སྐྱེ་བ་དང་། ལེན་སེམས་ལོག་པ་ལྟ་བུ་ལེན་པ་པོ་ཁོ་ན་ལ་ཉེས་པ་སྐྱེད་བྱེད་ཡིན་ནོ། །བར་ཆད་དེ་རྣམས་རྟེན་གང་ལ་འཇོག་ཀྱང་ཡོད་དེ། བུད་མེད་འདྲ་བའི་སྐྱེས་པ་དང་། བུད་མེད་ཀྱིས་དུབ་པ་ལྟ་བུ་སྐྱེས་པ་ཁོ་ན་ལ་བཞག ། དགེ་སློང་མའི་ཐུན་མོང་མ་ཡིན་པའི་ཕམ་པ་བཞི་ལྟ་བུ། བུད་མེད་ཁོ་ནའི་རྟེན་ལ་བཞག ། ཕ་མ་བསད་པ་སོགས་སྐྱེས་པ་དང་བུད་མེད་གཉིས་ཀའི་རྟེན་ལ་བཞག ། ཕོ་མོའི་མ་ནིང་མ་ནིང་གི་རྟེན་ལ་བཞག་པའི་ཕྱིར། མ་ནིང་ཡང་ལྔ་སྟེ། སྐྱེས་ནས་མ་ནིང་། ཟླ་ཕྱེད་མ་ནིང་། འཁྱུད་ནས་ལྡང་བ་མ་ནིང་། ཕྲག་དོག་མ་ནིང་། ཉམས་པ་མ་ནིང་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། འདུལ་བ་ཚིག་ལེར། གང་སྐྱེས་ཉིད་ནས་མཚན་མ་ནི། །གཉིས་ཀའམ་མེད་པའང་སྐྱེས་ནས་ཡིན། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། ཟླ་ཕྱེད་ཕོའི་འདོད་པ་བརྟེན། ཟླ་ཕྱེད་མོའི་འདོད་པ་བརྟེན་པ་ལ་འཇོག་པའི་ཕྱིར། དེས་ཟླ་གཅིག་མ་ནིང་སོགས་མཚོན་ཏེ། དེ་ཉིད་ལས། འདིར་ནི་སོགས་སྒྲ་མི་མངོན་དང་། །ཟླ་སོགས་མ་ནིང་གྲུབ་པ་ཡིན། །ཞེས་གསུངས། ཕྱི་མ་གསུམ་གྲུབ་སྟེ། རིམ་པ་བཞིན། གཞན་གྱིས་འཁྱུད་པ་ན་འཁྲིག་པའི་འདོད་ཆགས་ལྡང་། གཞན་གྱི་ཚེ་མི་ལྡང་བ་དང་། ཕོ་མོ་ཉལ་པོ་བྱེད་པ་མཐོང་བ་ན། དབང་པོ་ལས་སུ་རུང་། གཞན་གྱི་ཚེ་མི་རུང་བ་དང་། ཕོ་དབང་བཅད་པ་སོགས་ལ་བརྗོད་པའི་ཕྱིར། མ་ནིང་ཐམས་ཅད་བསྙིལ་བར་བྱ་བ་མ་ཡིན་ཏེ། ཕྱི་མ་འདིས་མ་ནིང་གི་ཉེས་པ་སྐྱེས་པ་གཞན་དང་། འདོད་པ་བརྟེན་པ་མ་བྱུང་གི་བར་བསྙིལ་དུ་མི་རུང་བའི་ཕྱིར་ཏེ། དགེ་སློང་ཕ་ཉམས་པ་མ་ནིང་དུ་སོང་བ་ཙམ་གྱིས་དགེ་སློང་མ་ཡིན་པར་མི་འགྱུར་བའི་ཕྱིར། ཟ་མ་ཞེས་པ་ཡང་མ་ནིང་མཚན་ཉིད་པ་ཡིན་པས་གཞན་དུ་མི་སེམས་ལ། ངོ་བོ་འཆད་པ་ན། ཚིག་ལེར། གང་ཞིག་གྲོང་པའི་ཆོས་དག་གི ། ནུས་མེད་དེ་ནི་ཟ་མ་ཡིན། །ཞེས་བརྗོད་དོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:སོ་ཐར་གྱི་སྡོམ་པའི་བར་ཆད་ཀྱི་བྱེད་ལས་
|; |@@@ | | }}