93368
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། སོ་ཐར་གྱི་སྡོམ་པ་རྣམས་རྫས་དང་རྟེན་ཅི་རིགས་ཀྱི་སྒོ་ནས་གྲངས་མདོར་བསྡུས་པ་ཞིག་ལ་ཟེར། དེའི་ཚུལ་དང་རྩོད་སྤོང་དང་བཅས་པ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་བསྡུ་བ་ཡོད་དེ། རྫས་རིགས་ཀྱི་སྒོ་ནས་བཞིར་བསྡུ་བ་དང་། རྟེན་གྱི་སྒོ་ནས་གཉིས་སུ་བསྡུ་བ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དགེ་སློང་ཕ་མའི་སྡོམ་པ་རྫས་རིགས་གཅིག ། དགེ་སློབ་མ་དང་དགེ་ཚུལ་ཕ་མའི་སྡོམ་པ་རྫས་རིགས་གཅིག ། དགེ་བསྙེན་ཕ་མའི་སྡོམ་པ་རྫས་རིགས་གཅིག་པའི་ཕྱིར། རྟགས་གྲུབ་སྟེ། མཚན་གྱུར་པ་ན་སྡོམ་པ་མི་གཏོང་བར་མིང་འཕོ་བའི་ཕྱིར་ཏེ། མཛོད་ལས། རྫས་སུ་རྣམ་པ་བཞི་ཡིན་ཏེ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། །ཞེས་གསུངས་པའི་ཕྱིར། གཉིས་པ་རྟེན་གྱི་སྒོ་ནས་གཉིས་སུ་བསྡུ་བ་ཡོད་དེ། རབ་ཏུ་བྱུང་བའི་སྡོམ་པ་དང་། ཁྱིམ་པའི་སྡོམ་པ་གཉིས་སུ་འདུས་པའི་ཕྱིར་ཏེ། དང་པོ་ལྔ་དང་པོ་དང་། ཕྱི་མ་གསུམ་གཉིས་པ་ཡིན་པའི་ཕྱིར། འོ་ན་སྡོམ་གསུམ་རིམ་གྱིས་མནོས་པའི་དགེ་སློང་གི་རྒྱུད་ལ་ཁྱིམ་པའི་སྡོམ་པ་ཡོད་པར་འགྱུར་ལ། འདོད་ན། དགེ་སློང་གི་ཁྱིམ་པར་ཐལ་ལོ་ཞེ་ན། དགེ་བསྙེན་ལའང་མཚུངས་སོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:སོ་ཐར་གྱི་སྡོམ་པའི་བསྡུ་བ་
|; |@@@ | | }}