93369
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། སོ་ཐར་གྱི་སྡོམ་པ་རྒྱུད་ལ་ལྡན་པའི་གང་ཟག་དེ་ཉིད་སྡོམ་པ་དེའི་དབང་གིས་སྤང་བྱ་མི་མཐུན་པའི་ཕྱོགས་རྣམས་ཟད་ནས་གནས་སྐབས་ལྷ་མིའི་བདེ་བ་ལ་སྤྱོད་ཅིང་མཐར་ཐར་པ་དང་ཐམས་ཆད་མཁྱེན་པ་ཐོབ་པར་བྱེད་པའི་བྱེད་ལས་ལ་ཟེར། དེའི་ཚུལ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བཅུ་གཅིག་པ་སོ་ཐར་གྱི་སྡོམ་པའི་བྱེད་ལས་ཡོད་དེ། སྡུག་བསྔལ་སྤོང་བར་བྱེད། ཀུན་འབྱུང་སྤོང་བར་བྱེད། གནས་སྐབས་ལྷ་མིའི་གོ་འཕང་འཐོབ་པར་བྱེད། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པའི་ཕྱིར། དང་པོ་གྲུབ་སྟེ། སུམ་བརྒྱ་པར། ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང་། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། དཔལ་འབྱོར་ས་དང་མེ་ཏོག་མདའ་ཅན་འཇོམས། །ཞེས་གསུངས། བཞི་པ་གྲུབ་སྟེ། རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཞེས་གསུངས་སོ། །ཞེས་གསལ། |
Domain | ཆོས་ལུགས། |
{{#arraymap:སོ་ཐར་གྱི་སྡོམ་པའི་བྱེད་ལས་
|; |@@@ | | }}