93370

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོ་ཐར་གྱི་སྡོམ་པའི་འབྲས་བུ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སོ་ཐར་སྡོམ་པ་ལ་བརྟེན་ནས་བྱུང་བའི་ཕན་ཡོན་དག་ལ་ཟེར། དེའི་ཚུལ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ཆོས་བརྒྱད་པ་འབྲས་བུ་བཤད་པ་ནི། སོ་ཐར་སྡོམ་པ་དེ་འབྲས་བུ་ལྔའི་ནང་ནས་བྲལ་འབྲས་མ་ཡིན་ཏེ། འདུས་བྱས་ཡིན་པའི་ཕྱིར། རྣམ་སྨིན་འབྲས་མ་ཡིན་ཏེ། དགེ་བ་ཡིན་པའི་ཕྱིར། བདག་འབྲས་ཡིན་ཏེ། བྱེད་རྒྱུ་ལ་བརྟེན་ནས་སྐྱེ་བའི་ཕྱིར། སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ཏེ། ལྷན་ཅིག་འབྱུང་བའི་རྒྱུ་ལས་སྐྱེ་བའི་ཕྱིར། རྒྱུ་མཐུན་གྱི་འབྲས་བུ་ཡིན་ཏེ། སྐལ་མཉམ་གྱི་རྒྱུ་ལས་སྐྱེ་བའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སོ་ཐར་གྱི་སྡོམ་པའི་འབྲས་བུ་

|; |@@@ | | }}