93371

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོ་ཐར་གྱི་སྡོམ་པའི་རྒྱུ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གང་ཟག་གང་གི་རྒྱུད་ལ་སོ་ཐར་གྱི་སྡོམ་པའི་བསྐྱེད་བར་བྱ་བ་ལ་ངེས་པར་དུ་ཚང་དགོས་པའི་རྐྱེན་དང་ཕུན་སུམ་ཚོགས་པའི་རྐྱེན་དག་ལ་གོ ། དེ་ཡང་དེ་ཉིད་རྒྱུ་དྲུག་གང་ལས་སྐྱེས་པ་དང་གང་ལས་མི་སྐྱེ་བའི་ཚུལ་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དྲུག་པ་རྒྱུ་བཤད་པ་ནི། སྤྱིར་རྒྱུ་ལ་མཛོད་དུ། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང། །སྐལ་མཉམ་མཚུངས་པར་ལྡན་པ་དང་། །ཀུན་ཏུ་འགྲོ་དང་རྣམ་སྨིན་ཏེ། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །ཅེས་དྲུག་གསུངས་པ་ལས། སོ་ཐར་སྡོམ་པ་ནི་མཚུངས་ལྡན་གྱི་རྒྱུ་ལས་མི་སྐྱེ་སྟེ། རྟེན་མཚུངས་པའི་སེམས་སེམས་བྱུང་ཁོ་ན་མཚུངས་ལྡན་གྱི་རྒྱུ་ལས་སྐྱེ་བ་གང་ཞིག ། དེ་ཤེས་པ་མ་ཡིན་པའི་ཕྱིར། དང་པོ་ཡིན་ཏེ་མཛོད་དུ། མཚུངས་ལྡན་རྒྱུ་ནི་སེམས་དག་དང་། །སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ། །ཞེས་གསུངས། ཀུན་འགྲོའི་རྒྱུ་ལས་མི་སྐྱེ་སྟེ། ཉོན་མོངས་ཅན་གྱི་འབྱུང་འགྱུར་ཁོ་ན་ཀུན་འགྲོའི་རྒྱུ་ལས་སྐྱེ་བ་གང་ཞིག ། དེ་དགེ་བ་ཡིན་པའི་ཕྱིར། དང་པོ་ཡིན་ཏེ། ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། །རྣམས་ཀྱི་རང་ས་ཀུན་འགྲོ་ལྔ། །ཞེས་གསུངས། རྣམ་སྨིན་གྱི་རྒྱུ་ལས་མི་སྐྱེ་སྟེ། རྣམ་སྨིན་འབྲས་ཡིན་ན་རྣམ་སྨིན་ཡིན་དགོས། དེ་རྣམ་སྨིན་མ་ཡིན་པའི་ཕྱིར་ཏེ། དེ་ལུང་མ་བསྟན་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །ཞེས་གསུངས། ལྷན་ཅིག་འབྱུང་བའི་རྒྱུ་ལས་སྐྱེ་སྟེ། རང་འདུས་བྱས་སུ་མཚོན་པར་བྱེད་པའི་སྐྱེ་གནས་འཇིག་གསུམ་ལས་སྐྱེ་བའི་ཕྱིར། སྐལ་མཉམ་གྱི་རྒྱུ་ལས་ཀྱང་སྐྱེ་སྟེ། རང་དང་རིགས་གཅིག་པའི་དགེ་བ་སྔ་མ་ལས་སྐྱེ་བའི་ཕྱིར། བྱེད་རྒྱུ་ལས་སྐྱེ་སྟེ། འབྱུང་བ་ལས་སྐྱེ། རྣམ་པར་རིག་བྱེད་ལས་སྐྱེ། ཀུན་སློང་ལས་ཀྱང་སྐྱེ་བའི་ཕྱིར། དང་པོ་ཡིན་ཏེ། དེ་འབྱུང་འགྱུར་གྱི་གཟུགས་ཡིན་པའི་ཕྱིར། གཉིས་པ་ཡིན་ཏེ། མཁན་སློབ་ཀྱི་རྣམ་པར་རིག་བྱེད་ལས་སྐྱེ་བའི་ཕྱིར། གསུམ་པ་ཡིན་ཏེ། རྒྱུའི་ཀུན་སློང་ལས་སྐྱེ། དུས་ཀྱི་ཀུན་སློང་ལས་ཀྱང་སྐྱེ་བའི་ཕྱིར། དང་པོ་ཡིན་ཏེ། སྡོམ་པ་ལེན་པར་འདོད་པ། འཐོབ་པར་ཤེས་པ། ངེས་འབྱུང་གི་བསམ་པ་རྣམས་ལས་སྐྱེ་བའི་ཕྱིར། དང་པོ་ལ་བསམ་པའི་ཁྱད་པར་དུ་མ་དགོས་ཏེ། མི་མཐུན་པའི་སེམས་མ་སྐྱེས་པ་དང་། ངེས་པ་བཞིའམ་ལྔ་དང༌བྲལ་བ་སོགས་དགོས་པའི་ཕྱིར། ངེས་པ་ལྔ་ཡོད་དེ། ཡན་ལག་ངེས་པ། སེམས་ཅན་ངེས་པ། ཡུལ་ངེས་པ། དུས་ངེས་པ། ཚེ་ངེས་པ་རྣམས་ཡིན་པའི་ཕྱིར། གཉིས་པ་དུས་ཀྱི་ཀུན་སློང་ལས་སྐྱེ་སྟེ། སྡོམ་པ་སྐྱེ་བ་དང་དུས་མཉམ་པའི་དགེ་སེམས་ལས་སྐྱེ་བའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སོ་ཐར་གྱི་སྡོམ་པའི་རྒྱུ་

|; |@@@ | | }}