93378

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོ་ཐར་རིགས་བརྒྱད་ཀྱི་དགེ་བསྙེན་མི་འདྲ་བ་བདུན་ (1)
Part of speech མིང་ཚིག
Definition དགེ་བསྙེན་བཏགས་པ་བ་བཞི་ནི། སྐྱབས་འགྲོ་ཙམ་གྱི་དགེ་བསྙེན། རྩ་བ་བཞིའི་སྣ་གཅིག་སྲུང་བའི་དགེ་བསྙེན། སྣ་གཉིས་སྲུང་བའི་དགེ་བསྙེན། སྣ་གསུམ་སྲུང་བ་ཕལ་ཆེར་གྱི་དགེ་བསྙེན་ནོ། ། དགེ་བསྙེན་དངོས་གནས་པ་གསུམ་ནི། རྩ་བ་བཞི་ཆང་དང་བཅས་པ་ལྔ་ཇི་སྲིད་འཚོ་ཡི་བར་སྲུང་བ་ཡོངས་རྫོགས་དགེ་བསྙེན་ཏེ་མར་པ་ལོ་ཙཱ་ལྟ་བུ་དང་། ས་ཆེན་ཀུན་སྙིང་ལྟ་བུའོ། །རྩ་བ་བཞི་ཆང་དང་ལྔ་སྤོང་བ་ཚངས་སྤྱོད་དགེ་བསྙེན་ཏེ། རྒྱལ་བ་འབྲོམ་དང༌། སློབ་དཔོན་ཙན་དྲ་གོ་མི་ལྟ་བུའོ། དེ་གཉིས་ཀྱི་ཁྱད་པར་ནི་སྔ་མས་ལོག་གཡེམ་སྤངས་ལ། མི་ཚངས་སྤྱོད་མ་སྤངས་ཤིང༌། ཕྱི་མས་དེ་གཉིས་ཀ་སྤངས་པས་ཁྱད་པར་ཕྱེ་དགོས་སོ། ། གོ་མིའི་དགེ་བསྙེན་ནི་རྩ་བ་བཞི་ཡན་ལག་སྟེ་བསྙེན་གནས་ཀྱི་སྤང་བྱ་བརྒྱད་པོ་ཇི་སྲིད་འཚོའི་བར་དུ་སྲུང་ཞིང༌། བཙུན་པའི་རྟགས་ཆ་ལུགས་འཆང་བའི་དགེ་བསྙེན་ནོ། །
Domain ཆོས་ལུགས།

{{#arraymap:སོ་ཐར་རིགས་བརྒྱད་ཀྱི་དགེ་བསྙེན་མི་འདྲ་བ་བདུན་

|; |@@@ | | }}