93386
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། སོ་ཐར་གྱི་སྡོམ་པ་རྒྱུད་ལ་སྐྱེད་པར་བྱེད་པའི་གྲོགས་ཤིག་སྟེ་དེའི་རྒྱུ་དང་དོན་གཅིག་པ་ཡིན། དེའི་ཚུལ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བདུན་པ་རྐྱེན་བཤད་པ་ནི། མཛོད་ལས། རྐྱེན་ནི་བཞི་པོ་དག་ཏུ་གསུངས། །ཞེས་གསུངས་པ་ལྟར་བཞི་ལས། རྒྱུ་ཐ་མ་ལྔ་པོ་རྒྱུའི་རྐྱེན་དང་། དགྲ་བཅོམ་ཐ་མ་མ་ཡིན་པའི་སེམས་སེམས་བྱུང་སྐྱེས་པ་རྣམས་དེ་མ་ཐག་རྐྱེན་དང་། ཆོས་ཐམས་ཅད་དམིགས་རྐྱེན་དང་། བྱེད་རྒྱུ་བདག་རྐྱེན་དུ་འཇོག་པ་ཡིན་ཏེ། མཛོད་དུ། རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། །སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་མི་མཚུངས་དེ་མ་ཐག ། དམིགས་པ་ཆོས་རྣམས་ཐམས་ཅད་དོ། །བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་གསུངས། སོ་ཐར་སྡོམ་པ་ནི་དམིགས་རྐྱེན་ལས་མི་སྐྱེ་སྟེ། དམིགས་རྐྱེན་ལས་སྐྱེ་ན་ཤེས་པ་ཡིན་དགོས། དེ་གཟུགས་ཅན་ཡིན་པའི་ཕྱིར། དེ་མ་ཐག་རྐྱེན་ལས་མི་སྐྱེ་སྟེ། གཟུགས་ཅན་ཡིན་པའི་ཕྱིར། རྒྱུ་རྐྱེན་ལས་སྐྱེ་སྟེ། ལྷན་ཅིག་འབྱུང་བའི་རྒྱུ་དང་། སྐལ་མཉམ་གྱི་རྒྱུ་ལས་སྐྱེ་བའི་ཕྱིར། བདག་རྐྱེན་ལས་སྐྱེ་སྟེ། བྱེད་རྒྱུ་ལས་སྐྱེ་བའི་ཕྱིར། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:སོ་ཐར་སྡོམ་པའི་རྐྱེན་
|; |@@@ | | }}