93387
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། ངེས་འབྱུང་གི་བསམ་པས་ཟིན་པའི་འདོད་པའི་སས་བསྡུས་ཀྱི་གཟུགས་ཅན་དགེ་བས་བསྡུས་པའི་སྡོམ་པ་གང་ཞིག ། འཆལ་ཚུལ་གྱི་གཉེན་པོར་གྱུར་པའི་དབྱེ་བ་དང་བསྡུ་བ་སོགས་མདོར་ན་དེའི་དོན་རྒྱས་པར་བཤད་པ་ཞིག་ལ་ཟེར། དེའི་ཚུལ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། སོ་ཐར་སྡོམ་པའི་རྣམ་གཞག་ཇི་ལྟ་བུ་ཞེ་ན། བཤད་དུ་ཡོད་དེ། དབྱེ་བ། བསྡུ་བ། མཚན་ཉིད། རྣམ་གྲངས། སྒྲ་བཤད་པ། རྒྱུ་བཤད་པ། རྐྱེན་བཤད་པ། འབྲས་བུ་བཤད་པ། ངོ་བོ་བཤད་པ། གནས་ཚུལ། བྱེད་ལས་ཏེ་བཅུ་གཅིག་དུ་ཡོད་པའི་ཕྱིར། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:སོ་ཐར་སྡོམ་པའི་རྣམ་གཞག་
|; |@@@ | | }}