From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སོ་ཐུབ་པ་ (1)
| Part of speech
|
མིང་ཚིག
|
| Definition
|
ས་ཕག་སོགས་མེ་ལ་བསྲེགས་ནས་སོ་བཏང་བས་ཐོར་བཤིག་སོགས་མ་སོང་བའི་དོན།
|
| Example
|
ས་ཕག་བསྲེགས་ནས་སོ་ཐུབ་པ། རྫ་མར་སོ་བཏང་ནས་སོ་ཐུབ་པ་ལྟ་བུ།
|
སོ་ཐུབ་པ་ (2)
| Part of speech
|
མིང་ཚིག
|
| Definition
|
ས་ཕག་སོགས་མེ་ལ་བསྲེག་ན་ཐོར་བཤིག་སོགས་འགྲོ་མི་ཐུབ་པའི་རྫ་ས་ལྟ་བུ།
|
| Example
|
སོ་ཐུབ་པའི་ས་ཕག་ཉོ་དགོས། སོ་ཐུབ་པའི་རྫ་ས་འཚོལ་དགོས་ལྟ་བུ།
|
སོ་ཐུབ་པ་ (3)
| Part of speech
|
མིང་ཚིག
|
| Definition
|
ཕུགས་ཐུབ་པའམ་ཡིད་བརྟན་འཕེར་བའི་དོན།
|
| Example
|
ཁོང་གྲོགས་པོ་སོ་ཐུབ་པ་ཞིག་ཡིན། སོ་ཐུབ་པའི་ལས་ཀ་བྱོས་ལྟ་བུ།
|
| Type
|
ཡུལ་སྐད།
|
སོ་ཐུབ་པ་ (4)
| Part of speech
|
མིང་ཚིག
|
| Definition
|
རང་རྐྱ་འཕེར་བའི་ཚུགས་ཐུབ།
|
| Example
|
སོ་ཐུབ་པའི་མི། སོ་ཐུབ་པའི་ལས་ཀ་ལྟ་བུ།
|