From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སོ་བ་ (1)
| Part of speech
|
མིང་ཚིག
|
| Definition
|
གསང་བའི་སྒོ་ནས་གཞན་གྱིས་ཅི་བྱེད་ལ་ལྟ་རྟོག་བྱེད་མཁན་གྱི་དོན།
|
| Example
|
ལ་མགོའི་སོ་བ་དང་ལུང་གཞུང་གི་མྱུལ་མ། སོ་བ་ལ་དོགས་གཟབ་བྱོས་ལྟ་བུ།
|
སོ་བ་ (2)
| Part of speech
|
མིང་ཚིག
|
| Definition
|
གྲོ་ནས་སོགས་འབྲུ་རིགས་ཀྱི་ཕྱི་ལྤགས།
|
| Example
|
ནས་ཀྱི་སོ་བ་རླུང་ལ་འཕྱར། འབྲས་ཀྱི་སོ་བ་བསལ་ནས་གཙང་མ་བཟོས་ལྟ་བུ།
|
སོ་བ་ (3)
| Part of speech
|
མིང་ཚིག
|
| Definition
|
ལོ་རེ་བཞིན་བཏབ་ནས་སྐྱེ་བའི་ལོ་ཐོག་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དང་སྡོང་པོ་ལྗང་པ་སྙེ་མ་བཅས་ཀྱི་སྐྱེ་དབྱིབས་ནས་དང་མཚུངས་པ་འབྲུ་རྡོག་ཆེ་ཆུང་ཡང་ནས་ཙམ་པ་སྐྱི་ལྤགས་དཀར་པོས་བཏུམ་ནས་ཡོད་པ་ཡོངས་གྲགས་སོ་བ་ཞེས་འབོད་པ་སྟེ། བཏབ་ནས་ཡུལ་གང་དུའང་སྐྱེ་ཞིང༌། དེང་དུས་རྒྱ་ནག་གི་ས་གནས་ཟི་ཁྲོན་དང༌། ཀུའེ་ཀྲའུ་སོགས་ནས་འོང་བ་ཡིན། འབྲུ་སྨིན་མཚམས་སུ་བཏུས་ཏེ་གཙང་མ་བཟོས་རྗེས་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ལ་ཡང་བས་བད་མཁྲིས་ཀྱི་ནད་སེལ་བ་དང༌། བུ་དང་ཟུག་རྔུ་འབྱིན་པར་བྱེད་པ་ཡིན།
|