9342
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕྱི་ལོའི་དུས་རབས་བཅུ་བཞི་པའི་སྨད་དུ་འཁྲུངས། ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས། རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས། མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་ལེགས་པར་མཛད། ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་དཔྱིས་ཕྱིན་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་པ་ནི་བསྟན་འགྱུར་ལས་སྟོང་ཉི་བདུན་ཅུ་བའི་ཚིག་ལེའུར་བྱས་པ་དང་། སྟོང་ཉིད་བདུན་ཅུ་པའི་རྣམ་པར་བཤད་པ། ཐུགས་དམ་སའི་སྙིང་པོ། མདོ་སྡེ་རྒྱན་གྱི་ཚིགས་སུ་བཅད་པ་དང་པོ་གཉིས་ཀྱི་བཤད་པ། དགེ་ཚུལ་གྱི་བསླབ་པའི་གཞིའི་མདོ། གླེང་གཞི་དང་གང་ཟག་བསྡུས་པའི་ཚིག་ལེའུར་བྱས་པ་བཅས་བཞུགས། |