93437

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོ་མ་ར་ཛ་དཀར་པོ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཤིང་མ་ལྡུམ་གྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་ལྗང་སྨུག་ཕྲ་སྦོམ་མཛུབ་མོ་ཙམ་པ་རིང་ཞིང་འདྲོང་བའི་སྟོད་ཆ་ནས་ཡལ་ག་ཁ་སྤྲོད་དུ་གྱེས་ཤིང༌། ལོ་མ་ལྗང་སེར་སྦར་དབྱིབས་ལྟར་གྱི་ཉག་ཆེན་ལྔ་རེ་ཡོད་པའི་རྩེ་རྣོ་ལ་རྒྱབ་ཅུང་སྐྱ་ཞིང༌། ཉག་ཆེན་གྱི་མཐར་ཉག་ཆུང་ཞིབ་པ་སོག་ལེ་ཁ་འདྲ་ཡོད་ལ་ལོ་མའི་རྒྱབ་མདུན་ལ་སྤུ་སེར་ཐུང་ངུ་ཐར་ཐོར་ཡོད་ཅིང་ངར་པ་ཕྲ་ལ་རིང་བ་ཁ་སྤྲོད་བྱས་ཏེ་སྐྱེས་ཡོད། མེ་ཏོག་དཀྱིལ་སྨུག་ལ་མཐའ་སེར་ཤས་ཅན་ཐང་ཕྲོམ་གི་གྱི་མེ་ཏོག་འདྲ་བ་དང༌། གང་བུ་ལྗང་སེར་འཇོང་བ་ཟུར་ལྔ་དང་ལྡན་པ། སྤུ་སེར་པོ་ཐུང་ལ་མཐུག་པོས་ཁྱབ་པའི་ནང་འབྲུ་གུ་རྫ་མདོག་མཁལ་མའི་དབྱིབས་ཅན་ལ་ནེའུ་ལེའི་རི་མོ་གསལ་ཞིང་གླ་རྩིའི་དྲི་ཅུང་ཟད་འཐུལ་བ་བཅས། རྒྱ་གར་དང༌། གློ་མོན། བལ་ཡུལ། བོད་ཀྱི་མེ་ཏོག་རྫོང་སོགས་ཀྱི་ནགས་རོང་དུ་སྐྱེ་བ་མང་ཞིང༌། བོད་ཟླ་བརྒྱད་པའི་ནང་འབྲས་བུ་བཏུས་ཏེ་འབྲུ་གུ་བཏོན་ནས་སྐམ་གསེད་བྱེད་པ་དང༌། ཧམ་རུལ་མ་ཤོར་བར་བྱས་ནས་སྨན་དུ་སྤྱོད་རྒྱུ། རོ་ཚ་ལ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་ཡང་ཞིང་རྩུབ་ལ་སྐམ་པས་གྲུམ་བུ་ཆུ་སེར་གྱི་ནད་དང༌། མཛེ་ནད། པགས་པར་ཤུ་ཐོར་སྐྱེས་པ། ཟ་འཕྲུག་ལངས་པ། སྲིན་གྱི་ནད་རིགས་སོགས་ལ་ཕན་པ་ཡིན།
Domain གསོ་རིག