93438
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་བཏབ་ནས་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་ཕྲ་ལ་མང་ཞིང་ཨ་ར་འདྲ་བའི་རྩྭ་ཕྲན་ཡོད་པ་དང༌། སྡོང་པོ་ལྗང་ནག་ཕྲ་ལ་རིལ་བ་འདྲོང་ཞིང་ཤུར་རིས་ཡོད་པ་རྨིད་གཅིག་དང་ཕྱེད་ཀ་ལྷག་ཙམ་རྐྱང་པར་སྐྱེ་བའི་སྟོད་ཆར་ཡལ་ག་ཕྱོགས་བཞིར་གྱེས་པ། ལོ་མ་ལྗང་ལ་ནག་རྩུབ་ཅན་སྦར་དབྱིབས་ལྟར་གས་པའི་མཐར་ཉག་ཆུང་ཡོད་ལ་ངར་པ་རིང་ཞིང་དྲི་ངན་མནམ་པ་རེ་རེས་མོས་སུ་སྐྱེ་བར་རྩ་རིས་གསལ་པོ་ཡོད་པ་ལོ་སྡོང་ཡོངས་སུ་སྤུ་དཀུར་ཐུང་ངུས་ཁྱབ་པ་དང༌། མེ་ཏོག་སེར་ལྗང་ལོ་སྡོང་གི་བར་མཚམས་ནས་བང་རིམ་དུ་འཆར་ཞིང༌། འབྲས་བུ་ལེབ་ཅིང་སྒོར་བའི་ནང་དུ་འབྲུ་གུ་སྔོ་ཁྲ་ཧྲིལ་འཇོང་མང་པོ་ཡོད་པ་བཅས། བོད་ཀྱི་ཡུལ་ལུང་མང་པོར་་བཏབ་ན་སྐྱེ་བ་དང༌། ནགས་ཁུལ་དང་ཚད་པའི་ས་ཁུལ་དུ་རང་བཞིན་གྱིས་སྐྱེ་བ་ཡིན། བོད་ཟླ་བརྒྱད་པའི་ནང་འབྲས་བུ་བཏུས་ཏེ་འབྲུ་གུ་བཏོན་ནས་སྐམ་གསེད་བྱེད་པ་དང༌། ཧམ་རུལ་མ་ཤོར་བར་བ་བྱས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ཞིང་ཚ་བ་དང༌། ཞུ་རྗེས་མངར་བ། ནུས་པ་དྲོ་ལ་སྣུམ་པས་བཅུད་ལེན་དང༌། དབང་པོའི་རྡོ་རྗེ་མཁྲེགས་པར་བྱེད་ཅིང༌། མིག་གི་དབང་པོ་གསལ་བར་བྱེད། ཡུལ་འགའ་རེར་འདིའི་འབྲུ་གུ་ནས་སྣུམ་ལེན་པ་དང༌། སྡོང་པོའི་ཕྱི་པགས་རྩྭ་རས་དང་རྩྭ་ཐག རྩྭ་ལྷམ་སོགས་བཟོ་བྱེད་དུ་སྤྱོད་པ་ཡིན། |
| Domain | གསོ་རིག |