93472

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོ་རག་སེང་གེ་འབུམ་པ་ (1)
Part of speech མིང་ཚིག
Definition སྐུ་འཁྲུངས་ཡུལ་རྫ་རྒྱུད་མོ་ཐོང་ཐང་རུས་འབྲོང་པ། ཡབ་ཨ་མཆོད་ཁྲ་མོ། ཡུམ་ཉ་སྒྲོན། རྟོགས་ལྡན་གཞོན་ནུ་འབྱུང་གནས་ལས་གདམས་པའི་ཕུ་ཐག་བཅད། གྲུབ་པ་ཐོབ། མི་མ་ཡིན་མང་པོས་ཆོས་ཞུས། བླ་མས་ཁྱོད་ཀྱི་གདུལ་བྱ་ཆམ་གྱི་མགུལ་ན་ཡོད་གསུངས་པས་དེར་བྱོན་ནས་ལྕགས་ཕོ་འབྲུག་ལ་སོ་རག་གི་དགོན་བཏབ། ལྷ་ཁང་དང་བཀའ་བསྟན་འགྱུར་བཞེངས། ལོ་གསུམ་ནས་དགེ་འདུན་སུམ་བརྒྱ་དང་རས་པ་ལྔ་བཅུ་ཙམ་བྱུང༌། ལྷ་འདྲེ་མང་པོ་དམ་ལ་བཏགས། རབ་བྱུང་ལྔ་པའི་ནང་ཙམ་ལ་བྱོན། སློབ་མ་སོ་རག་མཁར་པ་ཚུལ་ཁྲིམས་འབྱུང་གནས་ཀྱི་གདན་ས་མཛད། གདན་ས་འདི་དར་རྒྱས་ཆེན་པོ་བྱུང་། རི་དགོན་བཅོ་བརྒྱད་དུ་གྲགས་པའི་ནང་གི་སོ་རག་བཀའ་བརྒྱུད་ཀྱི་བླ་མ་དང་པོ་དེ་ཡིན།