93642

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོག་པོ་སྟག་ཁྲིད་ (1)
Part of speech མིང་ཚིག
Definition བོད་ཀྱི་དགོན་པ་སོགས་ཀྱི་སྒོ་འཁྱམ་དང་། སྒོ་སྐྱོར་རྩིག་ལྡེབས་ངོས་སུ་འབྲི་བའི་སོག་པོ་ཞིག་གིས་སྟག་ཁྲིད་པའི་རི་མོ་ཞིག་ཡིན། རི་མོ་དེའི་མཚོན་དོན་ཐད་བཤད་ཚུལ་གཉིས་ཡོད། གཅིག་ནི་སོག་པོ་སྟག་ཁྲིད་ནི་རིགས་གསུམ་མགོན་པོའི་མཚོན་དོན་དུ་སྨྲ་བ་སྟེ། སོག་པོས་སྤྱན་རས་གཟིགས། སྟག་གིས་འཇམ་དབྱངས། ལྕགས་ཐག་གིས་ཕྱག་རྡོར་མཚོན་པས། རི་མོ་འདི་སྒོ་སྐྱོར་རྩིག་ལྡེབས་སུ་བཞེངས་ནས་ཁ་ཕྱིར་ཕྱོགས་སུ་གཏད་ན་གདོན་བགེགས་བར་ཆད་ཐམས་ཅད་དང་བཀྲ་ཤིས་མི་ཤིས་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་ཅིང་ནང་དུ་བཀྲ་ཤིས་བདེ་ལགས་འབྱུང་བ་མཚོན་པར་སྨྲ་བ་དང་། ཡང་མཚོན་དོན་བཤད་ཚུལ་གཞན་ཞིག་ནི། རི་མོ་འདི་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་རྗེས་གསར་གཏོད་བྱས་པ་ཞིག་སྟེ། དེའང་སོག་དམག་གིས་གཙང་པ་རྒྱལ་པོ་བཏུལ་ཞིང་ཀརྨ་པའི་ཆོས་ཚོགས་སྒར་ཆེན་འཛམ་གླིང་རྒྱན་ཞེས་པ་དེ་གཏོར་ནས་བཀའ་བརྒྱུད་པའི་དགོན་པ་མང་པོ་ཞིག་གཏོར་བརླག་བྱས་པ་དང་། བཙན་ཤེད་ཀྱིས་དགེ་ལུགས་པར་བསྒྱུར་བ་སོགས་བྱས་པའི་སྐབས་སུ་རི་མོ་འདི་འབྲི་སྲོལ་དར་བ་དང་། དེས་སྟག་ནི་བཀའ་བརྒྱུད་པ་མཚོན་བྱེད་དང་། སོག་པོས་སྟག་གི་སྐེ་ལ་ལྕགས་ཐག་བཀོན་ནས་ཁྲིད་པ་ནི་སོག་པོའི་སྟོབས་ཤུགས་ཆེན་པོ་ཡིན་པར་མཚོན་བྱེད་ཡིན་ཞེས་བཤད་སྲོལ་ཡོད།