93764

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོལ་རྡོ་ (1)
Part of speech མིང་ཚིག
Definition བྲག་སྲུབས་སོགས་ནས་ཐོན་པའི་རྡོ་རིགས། ཁ་དོག་ནག་པོ་སོལ་བ་དང་འདྲ་བ་ཞིག་སྟེ། ཞ་སྨྱུག་གི་ནང་ཐུར་སོགས་བཟོ་ཆོག་པ་ཞིག

{{#arraymap:སོལ་རྡོ་

|; |@@@ | | }}

སོལ་རྡོ་ (2)
Part of speech མིང་ཚིག
Definition གཏེར་དངོས་སྨན་རྫས་ཀྱི་རིགས་ཤིག་སྟེ། གསེར་གཡམ་སྔོན་པོའི་ཁྲོད་སོགས་སུ་འབྱུང་བའི་རྡོ་འོད་ཅན་ཤིང་སོལ་འདྲ་ལ་བཅག་ན་སྙི་བ། མེ་ལ་བསྲེགས་ན་ལྦུ་བར་ཁོལ་ཞིང་དུད་པ་འོང་བ། བརྡར་ན་སྣག་ཚའི་ཚབ་རུང་ཙམ་པ། འདི་རྙིང་མའི་རྡོ་བསྐུལ་དུ། སོར་རྡོ་ནག་པོ་གནོད་སྦྱིན་རྡོ། །དེ་ལ་ཐུན་གྱི་རྡོ་མ་ཉན། །ཞེས་པ་དེའོ། འདི་རིགས་སྔོ་ནག་གཡའ་མར་ཤས་པ་ཞིག་ཡོང་བ་ནི་ཞིག་ཀ་ནག་པོ་སྟེ་བཞུ་ཀོང་བྱེད་པའི་རྒྱུར་ལེགས་པ་ཡིན། དབྱིབས་དང་ཆེ་ཆུང་ལ་ངེས་པ་མེད་ཀྱང་ཕལ་ཆེར་ཁ་དོག་ནག་པོ་ལྕགས་མདོག་དང༌། འགའ་ཞིག་སྔོ་ནག་འོད་ཅན། འཕུར་ན་རེག་བྱ་འཇམ་འདྲེད་ཀྱི་ཉམས་ཅན་ལག་པར་ཁ་དོག་ནག་པོ་འགོ་བ། རྡོ་ལ་རི་མོ་བྲིས་ན་ནག་པོ་འོད་ཅན་དོད་པ། དྲི་དང་བྲོ་བ་ཆེར་མི་གསལ་བ། རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བ་འདིེ་ལུས་ཀྱི་ཕྱི་རུ་སྤྱོད་པ་ལས་ཁོང་དུ་གཏོང་བའི་དགོས་པ་ཆུང་བས་དུག་འདོན་སོགས་བྱེད་མི་དགོས། དེས་རྨ་འདྲུབ་པ་དང༌། ཆུ་སེར་སྐེམ་ཞིང་རྨ་རུལ་དང་ཤུ་ཐོར་སོགས་ལ་ཕན་པ་ཡིན།

{{#arraymap:སོལ་རྡོ་

|; |@@@ | | }}