93990

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐད་གསར་བཅད་རྣམ་པ་གསུམ་ (1)
Part of speech མིང་ཚིག
Definition སྐད་གསར་བཅད་དང་པོ་ནི། ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ། ཨརྱ་བྷོ་དྷི་སྭ་ཏྭ་དང་། ཡེ་ཤེས་དབང་བོ། ཛྙཱ་ན་དེ་བ་ཀོ་ཥ། ལྕེ་ཁྱི་འབྲུག བྲམ་ཟེ་ཨ་ནནྟ་སོགས་ཀྱིས་སྔར་བསྒྱུར་བའི་དྷརྨ་དཀོན་མཆོག་སྤྲིན་དང་། ལང་ཀར་གཤེགས་པའི་མདོ་སོགས་འགྱུར་བཅོས་མཛད་ཅིང་ཐ་སྙད་རྣམས་བཀས་བཅད་ནས་གཏན་ལ་ཕབ་སྟེ། སྒྲ་སྦྱོར་བམ་གཉིས་ལས། སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཨཱ་ཙཱརྻ་བོ་དྷི་ས་ཏྭ་དང་། ཡེ་ཤེས་དབང་པོ་དང་། ཞང་རྒྱལ་ཉེན་ཉམ་བཟང་དང་། བློན་ཁྲི་ཤེར་སང་ཤི་དང་། ལོ་ཙཱ་བ་སྙིང་དེ་ཝ་ཀོ་ཥ་དང་། ལྕེ་ཁྱི་འབྲུག་དང་། བྲམ་ཟེ་ཨཱ་ནནྡ་ལ་སོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས། ཞེས་གསུངས་པ་ལྟར་ལྡེའུ་ཆོས་འབྱུང་ལས། དགེ་འདུན་དཀོན་ཅོག་གི་རྟེན་མདོ་སྡེའི་ལུགས་སུ། སྔོན་གྱི་སད་མི་བདུན་ལ་དཔེ་བླངས་ནས། དགེ་དང་ཡིག་ཚང་ཅན་བརྒྱ་བཞི་བཅུ་རབ་ཏུ་བྱུང༌། རྒྱུད་སྡེའི་སད་མི་བདུན་ལ་དཔེ་བླངས་ནས། དགེ་དང་ཡིག་ཚང་ཅན་བརྒྱ་བཞི་བཅུ་རབ་ཏུ་བྱུང༌། རྒྱུད་སྡེའི་ལུགས་སུ་ཤེས་རབ་དང་ལྡན་པའི་གང་ཟག་ལ་ཉན་བཤད་དང་སྒོམ་སྒྲུབ་ཏུ་གནང༌། ནང་ས་སྡེ་གཉིས་དང་ཡང་དག་སྒྲུབ་པ་ལ་ཐུགས་དམ་དུ་མཛད། མིང་མཁན་པོ་དང་སློབ་དཔོན་དུ་གནང༌། སྡེ་སྣོད་གསུམ་དུ་བསྒྱུར་ནས་ཕྱིས་མི་བཅོས་པར་བཀའ་བཅད་དོ། །ཞེས་གསུངས། སྐད་གསར་བཅད་གཉིས་པ་ནི། ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ཕལ་ཆེར་ཕྱི་ལོ་༨༡༤བོད་ཤིང་རྟ་ལོར་རྒྱ་གར་དང་བོད་ཀྱི་ལོ་པཎ་མཁས་པ་རྣམས་ཀྱིས་དེ་ཕན་ཆད་དུ་ཡུལ་ཁམས་དུ་མའི་སྐད་ནས་བོད་སྐད་བསྒྱུར་བའི་ཐེག་པ་ཆེ་ཆུང་ལས་བྱུང་བའི་ཆོས་ཀྱི་གཞུང་ལུགས་རྣམས་ཞུས་ཤིང་གཏན་ལ་ཕབ་པ་དང༌། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བཀས་བཅད་པ་ཡིན་ལ། བསྒྱུར་ཡིག་གཏན་ལ་འབེབས་པའི་རྩ་དོན་ནི་དང་པོ་བྱཱ་ཀ་ར་ཎའི་གཞུང་ལུགས་དང་མཐུན་དགོས་པ་དང༌། གཉིས་པ་ཆོས་ཀྱི་གཞུང་ལས་བཤད་པའི་རྩ་བའི་བརྗོད་དོན་དང་འགལ་མི་ཆོག་པ། གསུམ་པ་བོད་མི་ཡོངས་ཁྱབ་ཀྱིས་གོ་བདེ་བ་ཞིག་ཡོང་ཐབས་བྱ་དགོས་པ་བཅས་སྒྲ་སྦྱོར་བམ་གཉིས་སུ་ཧ་ཅང་གསལ་ལ། ལྡེའུ་ཆོས་འབྱུང་ལས། སྡེ་སྣོད་གསུམ་དང་གསང་སྔགས་ཀྱི་ཆོས་མང་དུ་བསྒྱུར་ནས། སྐད་གསར་བཅད་དུ་གཏན་ལ་ཕབ། སྔར་གྱི་སྒྱུར་འཕྲོའི་ལྷག་ལུས་པ་དང༌། མ་འགྱུར་བ་ཡང་བསྒྱུར་ཏེ། ཕྱིས་མི་བཅོས་པར་བཀའ་བཅད་དོ། །ཅེས་གསུངས་པ་དང་། སྒྲ་སྦྱོར་བམ་གཉིས་ལས། སྔོན་ལྷ་སྲས་ཡབ་ཀྱི་སྤྱན་སྔར་མཁན་པོ་དང་ལོ་ཙཱ་བ་མཁས་པ་ཚོགས་པས། དྷརྨ་དཀོན་མཆོག་སྤྲིན་དང་། ལངྐར་གཤེགས་པ་བསྒྱུར་ཏེ་གཏན་ལ་ཕབ་པའི་ལུགས་བཞིན་དུ་སྒྱུར་ཅིག སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་ལས་སོ་སོ་ནས་སུའང་འཆོས་ཤིང་འོག་ཏུ་མིང་གསར་དུ་འདོགས་སུ་མི་སྣང་གི་བསྒྱུར་བ་དང་འཆད་པའི་གྲྭ་སོ་སོ་ནས་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ན། སོ་སོའི་གྲྭ་གྲྭར་མིང་ཆད་པར་མ་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་འབྱུང་བའི་གཏན་ཚིགས་དང་ཆོས་ལ་ཇི་སྐད་དུ་གདགས་པར་དཔྱད་དེ། ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང་། དྷརྨ་ཞུ་ཆེན་ཚལ་བའི་གྲྭར་ཕུལ་ལ་སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ། །གསང་སྔགས་ཀྱི་རྒྱུད་རྣམས་གཞུང་གི་གསང་བར་བྱ་བ་ཡིན་ཏེ། སྣོད་དུ་མ་གྱུར་པ་རྣམས་ལ་བཤད་ཅིང་བསྟན་དུའང་མི་རུང་ལ། བར་དུ་བསྒྱུར་ཞིང་སྤྱོད་དུ་གནང་གིས་ཀྱང་། ལྡེམ་པོའི་ངག་གི་བཤད་པ་མ་ཁྲོལ་ནས། སྒྲ་ཇི་བཞིན་དུ་འཛིན་ཅིང་ལོག་པར་སྤྱོད་པ་དག་ཀྱང་འབྱུང་། སྔགས་ཀྱི་རྒྱུད་ཀྱི་ནང་ནས་འཐུ་ཞིང་བོད་སྐད་དུ་བསྒྱུར་བ་དག་ཀྱང་འབྱུང་ཞེས་བདས་ཀྱི། ཕྱིན་ཆད་གཟུངས་སྔགས་དང་། བླ་ནས་བཀའ་སྩལ་ཏེ་བསྒྱུར་དུ་བཅུག་པ་མ་གཏོགས་པ་སྔགས་ཀྱི་རྒྱུད་དང་། སྔགས་ཀྱི་ཚིག་འཐུ་ཞིང་བསྒྱུར་དུ་མི་སྣང་ངོ་། །ཞེས་སོགས་གཏན་ལ་ཕབ་པ་ཡིན། སྐད་གསར་བཅད་གསུམ་པ་ནི། ཕྱི་འགྱུར་གྱི་སྐབས་སུ་ལོ་ཙཱ་མཁས་པ་རྣམས་ཀྱིས་འགྱུར་བཅོས་གནང་བའི་རིམ་པ་ཡིན།
Domain ལོ་རྒྱུས།

{{#arraymap:སྐད་གསར་བཅད་རྣམ་པ་གསུམ་

|; |@@@ | | }}