94002
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། སྐད་ཅིག་དྲན་རྫོགས་ནི། བསྐྱེད་པའི་ཏིང་ངེ་འཛིན་གྱི་བྱེ་བྲག་ལ་རྒྱས་པ་དང་། འབྲིང་བ་དང་། བསྡུས་པ་དང་། ཤིན་ཏུ་བསྡུས་པ་བཅས་བཞིར་ཡོད་པ་ལས། བཞི་པ་ཨ་ཏི་ལྟར་སྐད་ཅིག་དྲན་རྫོགས་སུ་བསྒོམ་པ་སྟེ། སྐྱེ་གནས་བཞི་ལས་རྫུས་སྐྱེས་སྦྱོང་བྱེད་ཀྱི་བསྐྱེད་རིམ་དུ་གསུངས། དེ་ཡང་། ཡོན་ཏན་རིན་པོ་ཆེའི་མཛོད་ལས། རྫུས་ཏེ་སྐྱེ་བ་སྐད་ཅིག་དྲན་རྫོགས་ཏེ། །མིང་དང་གཟུགས་ལ་མ་བརྟེན་ཝལ་གྱིས་གསལ། །ཞེས་གསུངས། རྒྱས་པར་བསྐྱེད་པའི་ཏིང་ངེ་འཛིན་གྱི་སྐབས་སུ་གཟིགས། |
| Domain | ཆོས་ལུགས། |