From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྐད་ཅིག་མ་ (1)
| Part of speech
|
མིང་ཚིག
|
| Definition
|
དུས་ཡུན་ཧ་ཅང་ཐུང་ངུ་ཞིག་གི་ཚད།
|
| Example
|
བྱ་རྫོགས་སྐད་ཅིག་མ། དུས་མཐའི་སྐད་ཅིག་མ་ལྟ་བུ།
|
སྐད་ཅིག་མ་ (2)
| Part of speech
|
མིང་ཚིག
|
| Definition
|
མིག་འབྱེད་བཙུམས་སམ་སྐར་ཆུང་གཅིག་གི་ཆ་དྲུག་ཅུ་རེ་བཞིའམ་རེ་ལྔར་བགོས་པའི་ཆ་ཤས་གཅིག་གི་ཡུན་ཙམ།
|
སྐད་ཅིག་མ་ (3)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། རྒྱུན་དང་སྐད་ཅིག་ཅེས་པའི་ཡ་གྱལ་སྐད་ཅིག་མ་སྟེ། དེ་ཡང་དུས་ཀྱི་ཐུང་མཐའི་སྐད་ཅིག་མ་ཡིན་ཏེ། མཆིམས་མཛོད་ལས། དུས་ཀྱི་ཐུང་བའི་མཐའ་ནི་སྐད་ཅིག་མ་ཡིན་ཏེ་སེ་གོལ་གཅིག་གི་ཡུན་གྱི་རེ་ལྔའི་ཆ་གཅིག་ཡིན་ནོ། །ཞེས་དང་། སྐད་ཅིག་མ་ནི་སྐད་ཅིག་རེ་རེ་ལ་འཇིག་པ་ཡིན་ན་དེ་ལ་གནས་པ་མི་སྲིད་ཅིང་གནས་ནའང་སྐད་ཅིག་མ་མ་ཡིན་པའི་ཕྱིར་རོ། །སྐད་ཅིག་མ་གཅིག་ཏུ་གནས་སོ་ཞེས་བྱ་བའང་མ་ཡིན་ཏེ། དེ་ནི་མི་གནས་པའི་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །ཞེས་དང་། དེས་ན་སྐད་ཅིག་མ་ནི་འཇིག་པ་ཡིན་པའི་ཕྱིར་གནས་པ་མ་ཡིན་ནོ་ཞེས་བྱ་བའོ། །འདིས་ཀྱང་སྐད་ཅིག་མ་ལ་སྐྱེ་བ་དང་མི་རྟག་པ་ནི་དོན་གཅིག་པར་སྟོན་པ་མ་བཀག་པའི་ཕྱིར་དོན་གཅིག་ཏུ་བསྟན་ཏོ། །སྐད་ཅིག་མ་ལ་རྒ་བའང་ཡོད་པ་མ་ཡིན་ཏེ། འགྲེལ་པ་ལས། དེ་བཞིན་ན་ནི་རྒ་མི་འགྱུར། །གཞན་དུ་འགྱུར་ན་དེ་གཞན་ཉིད། །དེ་ལྟ་བས་ན་དངོས་གཅིག་ལ། །རྒ་ཞེས་བྱ་བ་མི་འཐད་དོ་ཞེས་འབྱུང་བས་རྒ་བ་ནི་གཞན་དུ་འགྱུར་བ་ཡིན་ན་སྐད་ཅིག་མ་གཅིག་པོ་དེ་ཉིད་གཞན་དུ་འགྱུར་བར་མི་རིགས་པའི་ཕྱིར་དང༌། འགྱུར་ནའང་སྐད་ཅིག་མ་གཅིག་ཏུ་མི་འཐད་པའི་ཕྱིར་རོ། །ཞེས་གསུངས།
|
| Domain
|
[ཆོས་ལུགས།, ལྟ་གྲུབ།]
|
སྐད་ཅིག་མ་ (2)
| Part of speech
|
མིང་ཚིག
|
| Definition
|
དུས་ཀྱི་མཐའ་སྟེ། དུས་ཡུན་ཧ་ཅང་ཐུང་ངུ་ཞིག་ཡིན་པ་འདི་ལ་རང་རྒྱུད་པ་མན་ཆད་ཀྱིས་སྐྱེས་བུའི་སེ་གོལ་གཅིག་གི་ཡུན་ཚད་ཆ་དྲུག་ཅུ་རེ་ལྔར་ཕྱེ་བ་རེར་འཛིན་ཅིང་། ཐལ་འགྱུར་བས་ཆ་སུམ་བརྒྱ་དང་རེ་ལྔར་ཕྱེ་བ་རེའི་ཡུན་དུ་འདོད་དོ། །དེ་ཡང་དུས་རྩིས་ཚུལ་ནི་འདི་ལྟར་སྟེ། དུས་ཀྱི་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་ཟེར། དེ་དག་ཀྱང་དྲུག་ཅུ་ལ་ཐང་གཅིག་གོ ། ཐང་ཅིག་ནས་ཡུད་ཙམ། ཉིན་ཞག ཟླ་བ་གསུམ་ནི་གོང་ནས་གོང་དུ་སུམ་ཅུས་བསྒྱུར་ཏེ། ཐང་སུམ་ཅུ་ཡུད་ཙམ། དེ་སུམ་ཅུ་ཞག དེ་སུམ་ཅུ་ཟླ་བ་ཡིན་པའོ། །ཞག་མི་ཐུབ་དྲུག་དོར་རྒྱུ་དང་བཅས་པ་ཡི་ཟླ་བ་བཅུ་གཉིས་ལ་དེའི་ལོ་གཅིག་ཞེས་བྱའོ། །
|