94013

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐད་ཅིག་མའི་སྦྱོར་བའི་ངོ་བོ་བཞི་ (1)
Part of speech མིང་ཚིག
Definition ༡ བྱ་ཚོགས་སྐད་ཅིག་མའི་ཐུང་མཐའ་གཅིག་ལ། ཟག་མེད་རྣམ་པར་སྨིན་པ་མ་ཡིན་པའི་ཆོས་གཅིག་མངོན་དུ་བྱས་པ་ན། དེ་དང་རིགས་མཐུན་པ་རྣམས་ཀྱང་མངོན་དུ་བྱེད་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས། ཤེས་སྒྲིབ་ཀྱི་དངོས་གཉེན་གྱི་རིགས་སུ་གནས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བའི་ངོ་བོ་དང་གཅིག ༢ བྱ་ཚོགས་ཀྱི་སྐད་ཅིག་མའི་ཐུང་མཐའ་གཅིག་ལ། ཟག་མེད་རྣམ་པར་སྨིན་པའི་ཆོས་གཅིག་མངོན་དུ་བྱས་པ་ན། དེ་དང་རིགས་མཐུན་པ་རྣམས་ཀྱང་མངོན་དུ་བྱེད་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས། ཤེས་སྒྲིབ་ཀྱི་དངོས་གཉེན་གྱི་རིགས་སུ་གནས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བའི་ངོ་བོ་དང་གཉིས། ༣ སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཤེས་སྒྲིབ་ཀྱི་དངོས་གཉེན་དུ་གྱུར་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ། མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བའི་ངོ་བོ་དང་གསུམ། ༤ གཟུང་བ་དང་འཛིན་པ་གཉིས་ཀྱི་སྤྲོས་པས། དུས་ནམ་གྱི་ཚེ་ཡང་སྐད་ཅིག་ཀྱང་གཡོ་བ་མེད་པ་སྟོང་ཉིད་ལས་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བའི་ངོ་བོ་དང་བཞིའོ། །
Domain ཆོས་ལུགས།