94018

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐད་ཅིག་སྦྱོར་གྱི་རྗེས་སུ་འབྲས་བུ་ཆོས་སྐུ་འཆད་པའི་རྒྱུ་མཚན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། མངོན་རྟོགས་རྒྱན་སྐབས་བདུན་པར་སྐད་ཅིག་མའི་སྦྱོར་བ་བཤད་ནས་དེའི་རྗེས་སུ་འབྲས་བུ་ཆོས་སྐུ་འཆད་པའི་རྒྱུ་མཚན་ནི་སྐད་ཅིག་སྦྱོར་ཐོབ་པའི་སྐད་ཅིག་གཉིས་པ་དེ་མ་ཐག་ཏུ་འབྲས་བུ་ཆོས་སྐུ་འཐོབ་པར་འགྱུར་རོ་ཞེས་གོ་བའི་ཆེད་དུ་ཡིན་ཏེ། པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། སྐད་ཅིག་སྦྱོར་གྱི་རྗེས་སུ་ཆོས་སྐུ་འཆད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། དངོས་པོ་བརྒྱད་ཀྱི་ནང་ནས་ཆོས་སྐུ་དེ་བཤད་བྱར་ལུས་པའི་ཕྱིར་དང། དེ་སྐད་ཅིག་སྦྱོར་བསྒོམས་སྟོབས་ཀྱིས་ཐོབ་པའི་ཕྱིར་ཏེ། འགྲེལ་ཆེན་ལས། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པ་བྱང་ཆུབ་པ་རྣམ་པར་བསྒོམས་པ་ནི། སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱི་སྐུར་མངོན་པར་རྫོགས་པ་བྱང་ཆུབ་པ་ཡིན་པས། ཞེས་དང། ཞེས་གསུངས་སོ། །
Domain ཆོས་ལུགས།