94020

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐད་ཅིག་སྦྱོར་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། གནས་ངན་ལེན་གྱི་དྲི་མ་ཕྲ་མོའི་དངོས་གཉེན་དུ་གྱུར་པའི་སེམས་དཔའི་རྣལ་འབྱོར། སྐད་ཅིག་སྦྱོར་གྱི་མཚན་ཉིད་ཡིན། དེ་ལ་དབྱེ་ན། ཟག་མེད་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་སྦྱོར། ཟག་མེད་རྣམ་པར་སྨིན་པའི་སྐད་ཅིག་སྦྱོར། མཚན་ཉིད་མེད་པའི་སྐད་ཅིག་སྦྱོར། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་དང་བཞི་ཡོད། ས་མཚམས་ནི་རྒྱུན་མཐའི་གནས་སྐབས་ཁོ་ནར་ཡོད་དོ། །
Domain ཆོས་ལུགས།
སྐད་ཅིག་སྦྱོར་བ་ (2)
Part of speech མིང་ཚིག
Definition དེས་ན་མཚན་ཉིད། མཚོན་བྱ། གཞི་གསུམ་ལས་དང་པོ་ནི། མཁྱེན་གསུམ་བསྡུས་བསྒོམ་མཐར་ཐུག་པའི་སྦྱོར་བའོ། །གཉིས་པ་ནི། སེམས་ཀྱི་སྐད་ཅིག་མ་གཅིག་ཁོ་ནས་བྱང་ཆུབ་ལ་མངོན་དུ་ཕྱོགས་པས་ཆོས་ཐམས་ཅད་རྫོགས་པར་བྱང་ཆུབ་པའམ། མངོན་སུམ་དུའམ་ཡང་དག་པ་སྟེ་བྱང་ཆུབ་པ་ནི་རྟོགས་པའོ། །མདོར་ན་སེམས་ཀྱི་སྐད་ཅིག་མ་གཅིག་ཁོ་ནས་ཆོས་ཐམས་ཅད་མངོན་སུམ་དུ་ཡང་དག་པར་རྟོགས་པའི་སྦྱོར་བ་ཞེས་པར་རུང་ངོ་། གསུམ་པ་ནི། ངོ་བོ་གཅིག་ཉིད་ཡུལ་དང་དེ་རྟོགས་ཚུལ་གྱི་སྒོ་ནས་ལྡོག་པའི་དབྱེ་བས་བཞི་ཡོད་ཅིང་ས་མཚམས་རྒྱུན་མཐའ་ཁོ་ནར་ཡོད་པར་སྡུད་འགྲེལ་ལ་སོགས་སུའོ། ། ཆོས་རྗེ་ཀུན་མཁྱེན་དོལ་པོ་བའི་ཕར་ཕྱིན་མདོ་ལུགས་མའི་དོན་ཁོལ་བུར་ཕྱུང་ལས། མཚན་ཉིད། དབྱེ་བ། ས་མཚམས། དང་པོ་ནི། མཁྱེན་གསུམ་བསྡུས་སྒོམ་མཐར་ཐུག་པའོ། ། གཉིས་པ་ནི་རྟོགས་ཚུལ་གྱི་དབྱེ་བས་བཞི་ཡོད་དོ། །གསུམ་པ་ནི། ས་བཅུའི་རྒྱུན་མཐའ་ན་ཡོད་དོ། །ཞེས་སོ། །