94022
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། བྱང་ཆུབ་སེམས་དཔས་སྦྱོར་བ་སྔ་མ་གསུམ་རིམ་གྱིས་བསྒོམས་ནས་རྒྱུན་མཐར་སླེབས་པ་ན་སྐད་ཅིག་གཅིག་ལ་མཁྱེན་གསུམ་མཐའ་དག་དངོས་ཡུལ་དུ་བྱེད་པའི་ནུས་པ་ཐོབ་པའི་སྦྱོར་བ་ཞིག་ལ་སྐད་ཅིག་མའི་སྦྱོར་བ་ཞེས་འཇོག་ལ་སྐད་ཅིག་སྦྱོར་བཞིར་འཇོག་ཚུལ་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། རང་གི་ལུགས་ནི། སྐད་ཅིག་སྦྱོར་བཞི་པོ་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ཡིན་ཏེ། ཡོན་ཏན་གྱི་རིགས་མངོན་དུ་བྱེད་ཚུལ་གྱི་ཆ་ནས་དང་པོ་གཉིས་དང་། ཡུལ་མངོན་སུམ་དུ་རྟོགས་ཚུལ་གྱི་སྒོ་ནས་ཕྱི་མ་གཉིས་བཞག་པའི་ཕྱིར། ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |