From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྐད་ཟུར་ཆག་པ་ (1)
| Part of speech
|
མིང་ཚིག
|
| Definition
|
སྐད་རིགས་གཞན་གྱི་མིང་བརྡ་ནང་འདྲེན་གྱི་སྐབས་སུ། དཔེ་ལེན་སའི་མ་སྐད་ཀྱི་སྒྲ་གཟུགས་ཅུང་གཞན་དུ་གྱུར་བའི་དོན།
|
| Example
|
མགྲིན་པའི་སྐད་དོད་གྲཱི་བ་ཟུར་ཆག་པས་གྲེ་བ་དང༌། པ་ཏཱ་ཀ་ཟུར་ཆག་པས་བ་དན་དང༌། སཱ་ཙྪ་ཟུར་ཆག་པས་ཚ་ཚ་དང༌། མུཀྟི་ཟུར་ཆག་པས་མུ་ཏིག་དང༌། ཙནྡན་ལ་ཙན་དན་ཞེས་བྲིས་པ་ལྟ་བུ།
|
སྐད་ཟུར་ཆག་པ་ (2)
| Part of speech
|
མིང་ཚིག
|
| Definition
|
རང་གི་སྐད་ཡིག་གི་ནང་ཁུལ་གྱི་ཐོག་མའི་སྐད་ཀྱི་སྒྲ་གཟུགས་ཅུང་གཞན་དུ་གྱུར་བའི་དོན།
|
| Example
|
བྲག་རི་ལ་བག་རི་ཟེར་བ་ལྟ་བུ།
|