94049

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐད་ལོག་ (1)
Part of speech མིང་ཚིག
Definition ཡུལ་ལུང་བྱེ་བྲག་པ་ཆུང་ཆུང་རང་ལས་མ་གཏོགས་མི་གོ་བའི་སྐད་ཆ།
Example སྐད་ལོག་བཤད་ནས་གོ་བརྡ་མ་འཕྲོད། སྐད་ལོག་བཤད་མ་ཡོང་ལྟ་བུ།
སྐད་ལོག་ (2)
Part of speech མིང་ཚིག
Definition མིང་ཚིག་གི་མགོ་རྔ་བརྗེས་པ་སོགས་ཀྱིས་ནམ་རྒྱུན་ལྟར་ཐ་སྙད་བེད་སྤྱོད་བཏང་བ་མ་ཡིན་པར། བཤད་ཡུལ་ལས་ཆེད་དུ་གཞན་གྱིས་མི་གོ་བར་བཤད་པའི་སྐད་ཆ།
Example བཀྲ་ཤིས་བདེ་ལེགས་ལ། ཤ་བཀྲིས་ལེ་བདགས་དང་ལྟ་བུ།
སྐད་ལོག་ (3)
Part of speech མིང་ཚིག
Definition སྐད་ཅོར་རྒྱག་པའི་དོན།
Example ཚོགས་འདུའི་སྐབས་སུ་སྐད་ལོག་མ་རྒྱག་རོགས། སྐད་ལོག་བརྒྱབ་ནས་སུན་པོ་བཟོས་པ་ལྟ་བུ།
Type ཡུལ་སྐད།