94076
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། སྐབས་གསུམ་པ་འདིར་དངོས་སུ་བསྟན་པའི་བདེན་པ་གསར་དུ་རྟོགས་པའི་ཐེག་ཆེན་གྱི་ལམ་ཞིག་ལ་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ། སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་གྱི་མཚན་ཉིད། དབྱེ་ན་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག ས་མཚམས་ཐེག་ཆེན་གྱི་མཐོང་ལམ་ཁོ་ན་ལ་ཡོད། དེ་ལ་དཔྱད་པ་ནི། སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་ཡིན་ན། ཐེག་ཆེན་གྱི་རྟོགས་རིགས་སུ་གནས་པས་ཁྱབ་ཀྱང་། གཞུང་འདིའི་བསྟན་བྱའི་གཙོ་བོར་གྱུར་པའི་ཐེག་ཆེན་གྱི་མཐོང་ལམ་ཡིན་ན། ཐེག་དམན་གྱི་རྟོགས་རིགས་སུ་གནས་པས་ཁྱབ་སྟེ། མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་ལས་གཞན་དུ་མི་འཐད་པའི་ཕྱིར། གཞུང་འདིའི་བསྟན་བྱའི་གཙོ་བོར་གྱུར་པའི་ཐེག་ཆེན་གྱི་མཐོང་ལམ་ཡིན་ན། གཞུང་འདིའི་ཤུགས་བསྟན་གྱི་མཐོང་ལམ་ཡིན་དགོས་ཀྱང་། གཞུང་འདིའི་ཤུགས་བསྟན་གྱི་མཐོང་ལམ་ཡིན་ན། གཞུང་འདིའི་བསྟན་བྱའི་གཙོ་བོར་གྱུར་པའི་མཐོང་ལམ་ཡིན་མི་དགོས་ཏེ། གཞུང་འདིས་ཤུགས་ལ་བསྟན་པའི་ཉན་ཐོས་ཀྱི་མཐོང་ལམ་ཡོད་པའི་ཕྱིར། ས་མཚམས་ཐེག་ཆེན་གྱི་མཐོང་ལམ་ཁོ་ན་ལ་ཡོད། ཅེས་སོ། ། |
| Domain | ཆོས་ལུགས། |