94093

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐབས་བཅུ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་འདུ་ཤེས་གནས་འགྱུར་བའི་སྐབས་བཅུར་གསུངས་ཏེ། སེམས་ཅན་གྱི་སྐབས། འཕགས་པའི་སྐབས། རྩོམ་པ་སྦྱོར་བའི་སྐབས། ས་ཐོབ་པའི་སྐབས། འདུ་ཤེས་འགྱུར་བའི་སྐབས། སྤྱོད་ཆེན་ལ་འཇུག་པའི་སྐབས། རིག་འཛིན་བྱང་ཆུབ་ཐོབ་པའི་སྐབས། འབྲས་བུ་ཐོབ་པའི་སྐབས། གདེང་དུ་གྱུར་པའི་སྐབས། ལས་སུ་རུང་བའི་སྐབས་དང་བཅུའོ། །
Domain ཆོས་ལུགས།
སྐབས་བཅུ་ (2)
Part of speech མིང་ཚིག
Definition བྱང་ཆུབ་སེམས་ཀྱི་གནས་སྐབས་བཅུ་དང་གཅིག་པ་ཡིན།