94099

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐབས་བཞི་བའི་དངོས་བསྟན་གྱི་སྦྱོར་ལམ་ཆོས་མཆོག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། དམིགས་པ་སེམས་ཅན་ལ་དམིགས་ནས་རྣམ་པ་རང་གཞན་སྨིན་གྲོལ་སོགས་ལ་སྦྱོར་བ་སོགས་གསུམ་གྱིས་བསྡུས་པའི་ངེས་འབྱེད་ཆ་མཐུན། དབྱེ་ན་ཆོས་མཆོག་ཆུང་འབྲིང་ཆེ་གསུམ། དམིགས་པ་སེམས་ཅན་ལ་དམིགས་ནས་རྣམ་པ་དང་པོ་ནི། རང་གཞན་དགེ་རྩ་སྨིན་གྲོལ་ལ་སྦྱོར་བ། གཉིས་པ་ནི་རང་གཞན་མངོན་ཤེས་ཁྱད་པར་ཅན་ལ་སྦྱོར་བ། གསུམ་པ་ནི་རང་གཞན་རྣམ་མཁྱེན་གྱི་ཡེ་ཤེས་བསྐྱེད་པ་ལ་སྦྱོར་བའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།