94110

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐབས་འདིར་གཞུང་གི་དོན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། འདུལ་བའི་མདོ་དང་བསྟན་བཅོས་སྤྱི་དང་ཁྱད་པར་དུ་མདོ་རྩ་བའི་གཞུང་དོན་དངོས་ཚང་བར་བཤད་པ་ལ་ཟེར། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུམ་པ་གཞུང་དོན་འཆད་པ་ལ་ཐོག་མར་གདུལ་བྱ་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ་གྱི་དབང་དུ་བྱས་ན་བདུན་ཡོད་དེ། དགོས་འགྲེལ་བཀོད་པའི་དགོས་པ། དབྱེ་བ། སོ་སོའི་དོན། གྲངས་ངེས། བསྟན་ཚུལ། གདུལ་བྱ་གང་ལ་བསྟན་པ། རྩོད་སྤོང་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།