94116

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐབས་འབྱེད་པའི་ལས་བཞི་ (1)
Part of speech མིང་ཚིག
Definition འདུལ་བ་གཞུང་དམ་པ་སྐབས་འབྱེད་པའི་དངོས་པོ་ལས་བྱུང་བ་སྟེ། ༡ ཆོས་བཞིན་མ་ཡིན་པས་སྐབས་འབྱེད་ཅིང་མ་འདུས་པ་ནི། གང་གི་ཚེ་སྐབས་དབྱེ་བར་བྱ་བ་དེའི་ཚེ་ན་སྐབས་འབྱེད་པར་མི་བྱེད་པ་དང་། ཇི་ལྟར་སྐབས་དབྱེ་བ་དེ་ལྟར་སྐབས་འབྱེད་པ་དེ་མི་བྱེད་པ་དང་། ཇི་ཙམ་དུ་སྐབས་དབྱེ་བར་བྱ་བ་དེ་ཙམ་སྐབས་འབྱེད་པར་མི་བྱེད་པ་དང་། གང་གིས་སྐབས་དབྱེ་བར་བྱ་བ་དེས་སྐབས་འབྱེད་པར་མི་བྱེད་པ་དང་། མ་འདུས་པར་ཡང་གྱུར་པའོ། ། ༢ ཆོས་བཞིན་མ་ཡིན་པར་འདུས་པ་ནི། གང་གི་ཚེ་སྐབས་དབྱེ་བར་བྱ་བ་དེའི་ཚེ་ན་སྐབས་འབྱེད་པར་མི་བྱེད་པ་ནས་གང་གིས་སྐབས་དབྱེ་བར་བྱ་བ་དེས་སྐབས་འབྱེད་པར་མི་བྱེད་པའི་བར་དུ་རྒྱས་པར་བརྗོད་དེ། འདུས་པར་ཡང་གྱུར་པའོ། ། ༣ ཆོས་བཞིན་དུ་མ་འདུས་པ་ནི། གང་གི་ཚེ་ན་སྐབས་འབྱེད་པར་བྱེད་པ་དང་། ཇི་ལྟར་སྐབས་དབྱེ་བ་དེ་ལྟར་སྐབས་འབྱེད་པར་བྱེད་པ་དང་། ཇི་ཙམ་དུ་སྐབས་དབྱེ་བར་བྱ་བ་དེ་ཙམ་དུ་སྐབས་འབྱེད་པར་བྱེད་པ་དང་། གང་གིས་སྐབས་དབྱེ་བར་བྱ་བ་དེས་སྐབས་འབྱེད་པར་བྱེད་ཅིང་། མ་འདུས་པར་ཡང་གྱུར་པའོ། ། ༤ ཆོས་བཞིན་དུ་འདུས་པ་ནི། གང་གི་ཚེ་སྐབས་དབྱེ་བར་བྱ་བ་དེའི་ཚེ་ན་སྐབས་འབྱེད་པར་བྱེད་པ་ནས་གང་གིས་སྐབས་དབྱེ་བར་བྱ་བ་དེས་སྐབས་འབྱེད་པར་བྱེད་པའི་བར་དུ་རྒྱས་པར་བརྗོད་པ་དེ། འདུས་པར་ཡང་གྱུར་པའོ། །
Domain ཆོས་ལུགས།