94122
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། ཕར་ཕྱིན་སྐབས་ལྔ་བར་བསྟན་པའི་སྒོམ་སྤང་བདེན་འཛིན་ལྷན་སྐྱེས་སྟེ་རྫས་འཛིན་ལ་དམིགས་ནས་བདེན་པར་འཛིན་པའི་བདེན་འཛིན་ཞིག་ལ་འཇོག མཚན་ཉིད་ནི། པཎ ཆེན་ཕར་ཕྱིན་སྤྱི་དོན་ལས། རང་གི་དམིགས་ཡུལ་དུ་གྱུར་པའི་རྫས་འཛིན་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་བདེན་འཛིན་ལྷན་སྐྱེས་དེ་འདིར་བསྟན་སྒོམ་སྤངས་རྫས་འཛིན་རྟོག་པའི་མཚན་ཉིད། དེ་ལ་དབྱེ་ན་དགུ་ཡོད་དེ། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། རང་དབང་བའི་རྫས་སུ་ཡོད་པར་མི་སྐྱེ་བས་སེམས་ཅན་དུ་བཏགས་པའི་གང་ཟག་རྫས་ཡོད་དུ་འཛིན་པ་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་རྟོག་པ་དང༌། བློ་ལ་སྣང་བ་ཙམ་དུ་ཟད་པའི་ཕྱིར་ཕུང་སོགས་ལ་ཆོས་སུ་བཏགས་པའི་གང་ཟག་རྫས་ཡོད་དུ་འཛིན་པ་ལ་དམིགས་པ་སོགས་སྔར་བཞིན་དང༌། གཞི་ལམ་རྣམ་པ་གསུམ་ཐམས་ཅད་དུ་འཇལ་བྱེད་དུ་འགྲོ་བའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ཆོས་ཐ་སྙད་དུ་ཡོད་པས་སྟོང་པ་མ་ཡིན་པ་ཉིད་ལ་བརྟགས་པའི་གང་ཟག་རྫས་ཡོད་དུ་འཛིན་པ་ལ་དམིགས་པ་སོགས་སྔར་བཞིན་དང༌། རྣམ་པ་ཐམས་ཅད་དུ་མངོན་པར་ཞེན་པ་མ་སྤངས་པས་ཆོས་ལ་བདེན་པར་ཆགས་པའི་གང་ཟག་རྫས་ཡོད་དུ་འཛིན་པ་ལ་དམིགས་པ་སོགས་སྔར་བཞིན་དང༌། དོན་དམ་པར་ངོ་བོ་ཉིད་མེད་པར་རྟོགས་པས་གནས་ལུགས་ཀྱི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་གང་ཟག་རྫས་ཡོད་དུ་འཛིན་པ་ལ་དམིགས་པ་སོགས་སྔར་བཞིན་དང༌། ཆེད་དུ་བྱ་བ་ཆེན་པོ་གསུམ་ཐོབ་བྱར་མི་བྱེད་པས་སྡུག་བསྔལ་ཞི་བའི་དངོས་པོའི་ཆེད་དུ་བྱ་བ་བྱེད་པའི་གང་ཟག་རྫས་ཡོད་དུ་འཛིན་པ་ལ་དམིགས་པ་སོགས་སྔར་བཞིན་དང༌། གཟུགས་ལ་སོགས་པ་ལ་དོན་དམ་པར་མི་དམིགས་པར་རྟོགས་པས་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་གང་ཟག་རྫས་ཡོད་དུ་འཛིན་པ་ལ་དམིགས་པ་སོགས་སྔར་བཞིན་དང༌། ཆོས་ཉིད་ལ་ཡང་དག་པར་རབ་ཏུ་མ་ཞུགས་པ་ཉིད་ཀྱིས་སྦྱིན་བདག་སོགས་ཀྱི་ཡོན་མ་དག་པའི་གང་ཟག་རྫས་ཡོད་དུ་འཛིན་པ་ལ་དམིགས་པ་ཞེས་སོགས་སྔར་བཞིན་དང༌། སྦྱིན་པ་ལ་སོགས་པར་བདེན་པར་དམིགས་ཏེ་བསྒྲུབས་པས་ཕར་ཕྱིན་གྱི་སྤྱོད་པ་རྣམ་པར་འཁྲུག་པའི་གང་ཟག་སྔ་མ་ལྟར་ཡོད་པར་འཛིན་པ་ལ་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་རྟོག་པ་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |