From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྐར་མ་ (1)
| Part of speech
|
མིང་ཚིག
|
| Definition
|
མཚན་མོ་ནམ་མཁར་འོད་ཁྲ་ལམ་ལམ་དུ་འཚེར་བའི་དངོས་གཟུགས་ཟླུམ་པོ་འོད་ཅན་ཞིག
|
| Keyword
|
True
|
| Example
|
མཚན་མོ་སྐར་མ་ཁྲ་ལམ་ལམ་ཤར། སྐར་མ་འོད་ཆེན་ལྟ་བུ།
|
སྐར་མ་ (2)
| Part of speech
|
མིང་ཚིག
|
| Definition
|
ཐ་སྐར་དང་སྨིན་དྲུག་སོགས་རྒྱུ་སྐར་ཉེར་བདུན་ནམ་ཉེར་བརྒྱད་དང་། རྒྱུ་སྐར་དེ་དག་གི་སྤྱི་མིང་།
|
| Domain
|
རྩིས་རིག
|
སྐར་མ་ (3)
| Part of speech
|
མིང་ཚིག
|
| Definition
|
ཟླ་བའི་འཁོར་ལམ་དུ་ཟླ་བ་དང་ལྷན་དུ་འཛོམས་པའི་སྐར་མ་དང་། དེའི་སྤྱི་མིང་།
|
| Keyword
|
True
|
སྐར་མ་ (4)
| Part of speech
|
མིང་ཚིག
|
| Definition
|
སྨེ་བདུན་དང་ཨ་བརྟན་སོགས་སྐར་མ་ཆེ་ཆུང་ཀུན།
|
| Keyword
|
True
|
སྐར་མ་ (5)
| Part of speech
|
མིང་ཚིག
|
| Definition
|
སྐར་མའི་གནས་སམ་ཆུ་ཚོད་འཁོར་ལོ་ལོན་པའི་གྲངས་ཀ་དྲིལ་བའི་གནས།
|
སྐར་མ་ (6)
| Part of speech
|
མིང་ཚིག
|
| Definition
|
ལྔ་བསྡུས་ཀྱི་ནང་ཚན་ཞིག་སྟེ། ཉི་སྐར་དང་ཟླ་སྐར་དག་གི་སྤྱི་མིང་།
|
| Synonyms
|
ཏཱ་ར་ཀཱ། འགྲོ་བྱེད། འཕུར་བྱེད། རྒྱུ་སྐར། མི་ལྟུང་འགྲོ་བ། འོད་ཅན། འོད་ལྡན། འོད་སྣང་།
|
སྐར་མ་ (7)
| Part of speech
|
མིང་ཚིག
|
| Definition
|
ཆུ་ཚོད་གཅིག་ཆ་དྲུག་ཅུར་བགོས་པའི་ཆ་གཅིག་གི་དུས་ཡུན་གྱི་ཚད།
|
| Keyword
|
True
|
| Example
|
ང་སྐར་མ་ལྔའི་ནང་ཚུད་ལ་འཐོན་པར་བྱ་ཆོག་ལྟ་བུ།
|
སྐར་མ་ (8)
| Part of speech
|
མིང་ཚིག
|
| Definition
|
ལྗིད་ཚད་འཇལ་བྱེད་ཀྱི་སྲང་མདའི་སྟེང་གི་རྟགས་ཀྱི་ཚད་གཞི་ཞིག་སྟེ། ཞོ་གང་གི་བཅུ་ཆ་གཅིག་གམ་རྒྱ་མ་གང་གི་བརྒྱ་ཆ་གཅིག་སྟེ། སྐར་མ་བཅུ་ཞོ་གང། ཞོ་བཅུ་སྲང་གང། སྲང་བཅུ་རྒྱ་མ་གང་ཡིན།
|
| Keyword
|
True
|
| Example
|
དབྱར་རྩ་སྐར་མ་གང་ལ་རིན་གོང་ག་ཚོད་ཡིན་ནམ། སྐར་མ་གང་གི་ལྗིད་ཚད་ཀྱང་མི་འདུག་ལྟ་བུ།
|
སྐར་མ་ (9)
| Part of speech
|
མིང་ཚིག
|
| Definition
|
གྲངས་ཀ་ཉེར་བདུན་ཏེ། གྲོ་བཞིན་དང་བྱི་བཞིན་གཉིས་གཅིག་ཏུ་བྱས་ན་རྒྱུ་སྐར་ལ་ཉེར་བདུན་ཡོད་པས་ནའོ། །
|
| Type
|
མངོན་བརྗོད།
|
སྐར་མ་ (10)
| Part of speech
|
མིང་ཚིག
|
| Definition
|
མདོ། སྐར་མ་རྣམས་ནི་ལྷུན་པོའི་ཕྱེད་གཉའ་ཤིང་འཛིན་གྱི་རྩེ་མོ་དང་མཉམ་པ་དཔག་ཚད་བཞི་ཁྲིའི་སྟེང་ན་འཁོར་བའི་རླུང་གི་སྟེང་ནས་རྒྱུའོ། །ཚད་ནི་འགྲེལ་པ་ལས། ཆུང་བ་ལ་རྒྱང་གྲགས་གཅིག་ཡོད་པར་བཤད་ཅིང་། སློབ་དཔོན་གང་སྤེལ་གྱིས་ནི། སྐར་མའི་གཞལ་མེད་ཁང་གང་ཞིག་ཐམས་ཅད་ཀྱི་ནང་ན་ཆེ་བ་དེའི་ཚད་ནི་དཔག་ཚད་བཅུ་དྲུག་གོ་ཞེས་བཤད་ལ། གདགས་པ་ལས་ནི་ཆེ་བ་ལ་རྒྱང་གྲགས་བཅོ་བརྒྱད་དང་ཆུང་བ་ལ་རྒྱང་གྲགས་གསུམ་དང་ཕལ་ཆེ་བ་ནི་རྒྱང་གྲགས་བཅུ་པ་དང་བཅུ་གཉིས་པར་བཤད་ཅིང་། ས་ལས་ཆེ་བ་ལ་རྒྱང་གྲགས་བཅོ་བརྒྱད་དང་འབྲིང་ལ་རྒྱང་གྲགས་བཅུ་དང་ཆུང་ངུ་ལ་རྒྱང་གྲགས་བཞིར་བཤད་དོ། །དེ་དག་ནི་དཀྱིལ་གྱི་ཚད་དེ་མཐའ་སྐོར་དུ་སུམ་འགྱུར་དང་བཅས་པ་ཡོད་དོ། །གླིང་བཞི་གཅིག་གི་སྐར་མའི་གྲངས་ནི་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་དང་ས་ཡ་ལྔ་ཡོད་པར་བཤད་དོ། །སྐར་མ་དེ་དག་ནི་རྒྱུ་ཤེལ་ལས་གྲུབ་པ་སྟེང་ན་ཐམས་ཅད་ལའང་གསེར་གྱི་རྭ་བས་བསྐོར་བ་རིན་པོ་ཆེའི་རྩིག་སྐྱབས་དང་། མདའ་ཡབ་དང་ཟམ་པ་བརྒྱུད་མ་བཞི་དང་ལྡན་པ་སྟེ་རྒྱུ་སྐར་ལ་གནས་པའི་ལྷ་རྣམས་ཀྱི་གནས་ཡིན་ནོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
|
| Domain
|
ཆོས་ལུགས།
|
སྐར་མ་ (11)
| Part of speech
|
མིང་ཚིག
|
| Definition
|
སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་དཀྱིལ་འཁོར་གྱི་ཕྱི་རོལ་ལ་གནས་པའི་རྒྱུ་སྐར་ཉེར་བརྒྱད་ཀྱི་ལྷ་དང་། དེ་དག་གི་སྤྱི་མིང་།
|