94199

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐར་མདའ་གདོང་ (1)
Part of speech མིང་ཚིག
Definition རྙིང་མ། སྐར་མདའ་གདོང་ནི། གསང་སྔགས་རྡོ་རྗེ་ཐེག་པའི་ལོ་རྒྱུས་ནང་གྲགས་པའི་གནོད་སྦྱིན་གྱི་རིག་པ་འཛིན་པ་ཞིག་སྟེ། འདིས་གསང་བདག་ཕྱག་ན་རྡོ་རྗེ་ནས་རིམ་བཞིན་བརྒྱུད་པའི་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྣམས་གནོད་སྦྱིན་གྱི་ཚོམ་བུ་འབུམ་སྡེ་ལ་བསྟན་པས་དེ་ཐམས་ཅད་རྒྱལ་བའི་གདུང་འཚོབ་པའི་རིག་པ་འཛིན་པ་འབའ་ཞིག་ཏུ་གྱུར་བར་གསུངས། དེ་ཡང་ཡིད་ཀྱི་མུན་སེལ་ལས། ཐུགས་ཀྱི་སྤྲུལ་པ་གསང་བདག་ནི་མཐུ་སྟོབས་ཀྱི་བདག་པོར་གྱུར་པས་གཙོ་བོར་འབྲས་བུའི་ཆོས་སྟོན་ཅིང་། འཇིགས་གཟུགས་རྔམ་པའི་སྐུ་མངའ་བས་གནོད་སྦྱིན་གྱི་ཡུལ་ལྕང་ལོ་ཅན་གྱི་གནས་སུ་གནོད་སྦྱིན་རྣམས་ལ་གསང་བའི་སྙིང་པོ་འདི་ཉིད་རྒྱ་ཆེར་སྟོན་ཅིང་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་གདམས་པར་མཛད་དོ། །དེ་ནས་རིམ་བཞིན། གནོད་སྦྱིན་ལག་ན་རྡོ་རྗེ་དང་། གྲགས་ལྡན་མཆོག་སྐྱོང་། སྐར་མདའ་གདོང་གི་བར་དུ་བརྒྱུད་ཅིང་། དེས་གནོད་སྦྱིན་གྱི་ཚོམ་བུ་འབུམ་སྡེ་ལས་བསྟན་པས་སངས་རྒྱས་ཀྱི་གདུང་འཚོབ་ཅིང་རིག་པ་འཛིན་པར་གྱུར་ཏོ། །ཞེས་གསུངས། འདི་དམ་པའི་རིགས་ཅན་དྲ་མ་ལྔའི་ཡ་གྱལ་གནོད་སྦྱིན་སྐར་མདའ་གདོང་བློ་གྲོས་དད་སེལ་དང་གང་ཟག་གཅིག་ཏུ་སྣང་།
Domain ལོ་རྒྱུས།