942

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀླུ་ཆུ་ (1)
Part of speech མིང་ཚིག
Definition བོད་མདོ་སྨད་ལྷོ་རྒྱུད་ཀྱི་ཆུ་བོ་ཞིག་སྟེ། ཆུ་འདིའི་མགོ་ཁུངས་ནི་ཀླུའི་ཆབ་བྲག་ཡིན། གྲུའུ་ཆུ་དང་ཁག་ཆུ་གཉིས་ཀྱང་དེར་འདྲེས་ནས་ལྷོ་ཕྱོགས་སུ་འབབ་ཀྱི་ཡོད་པ་དང༌། ཆུའི་སྟོད་རྒྱུད་དུ་ཆོས་འཁོར་སྒར་གསར་ཤེར་ཕྱིན་གླིང༌། རྨོག་རི་དགོན། ཉུག་ཆེན་རི་ཁྲོད། ཉང་གྲུབ་པ་དགུ་རྒྱུད་ཀྱི་གདན་ས་ཉང་ཚང་གདོང་ཁུག སྤང་མཐིལ་རི་ཁྲོད། ཆུ་བྱང་དུ་འཁྱོག་པའི་ཉིན་ངོས་སུ་ཁྱ་དགེ་ལེགས་བཤད་གླིང་སྒྲུབ་སྡེ་གོང་འོག་སོགས་དང༌། ཆུའི་ལྷོ་ཕྱོགས་ཀྱི་ངོས་མི་རིང་བར་སྟག་ཚང་ལྷ་མོ་ཀིརྟི་དགོན་སོགས་ཡོད།