94200
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་ལས་བྱུང་བ་སྟེ། ༡ ཐ་སྐར་ལ་ནི། དབྱུག་པ། ༢ བྲ་ཉེ་ལ་དམིགས་བསལ་མིང་གཞན་གསུང་མི་འདུག ༣ སྨིན་དྲུག་ལ་ནི། སྤུན་དྲུག ༤ སྣར་མ་ལ་ནི། བི་རྫི། ༥ མགོ་ལ་ནི། སྨལ་པོ། ༦ ལག་ལ་དམིགས་བསལ་མིང་གཞན་གསུང་མི་འདུག ༧ ནབས་སོ་ལ་ནི། རྒྱལ་སྟོད། ༨ རྒྱལ་ལ་ནི། རྒྱལ་སྨད། ༩ སྐག་ལ་ནི། ཝ། ༡༠ མཆུ་ལ་ནི། རྟ་ཆེན། ༡༡ གྲེ་ལ་ནི། རྟ་ཆུང་། ༡༢ དབོ་ལ་ནི། ཁྲ། ༡༣ མེ་བཞི་ལ་ནི། བྱ་མ། ༡༤ ནག་པ་ལ་ནི། བྱིའུ། ༡༥ ས་རི་ལ་ནི། ནམ་གོང་། ༡༦ ས་ག་ལ་ནི། ནམ་འོག ༡༧ ལྷ་མཚམས་ལ་ནི། ལག་སོར། ༡༨ སྣྲོན་ལ་ནི། གདུ་བ། ༡༩ སྣྲུབས་ལ་ནི། སོག་པ། ༢༠ ཆུ་སྟོད་ལ་ནི། བྲེ། ༢༡ ཆུ་སྨད་ལ་ནི། ཕུལ། ༢༢ གྲོ་བཞིན་ལ་ནི། བྱ་ཕོ། ༢༣ བྱི་བཞིན་ལ་ནི། བྱ་གཞུག ༢༤ ཡོན་གྲེ་ལ་ནི། སྒྲོག་སྟོད། ༢༥ མོན་གྲུ་ལ་ནི། སྒྲོག་སྨད། ༢༦ ཁྲུམས་སྟོད་ལ་ནི་དམིགས་བསལ་མིང་གཞན་གསུང་མི་འདུག ༢༧ ཁྲུམས་སྨད་ལ་ནི་དམིགས་བསལ་མིང་གཞན་གསུང་མི་འདུག ༢༨ ནམ་གྲུ་ལ་ནི། ཤེ་བར་འབོད་དོ། ། |
| Domain | རྩིས་རིག |