94207

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐར་མའི་རྡེའུ་ (1)
Part of speech མིང་ཚིག
Definition བཅུ་པ་སྐར་མའི་རྡེའུ་ནི། །དཔྱིད་ར་རྒྱལ་ཉ་འབྲིང་མཆུ་ཉ། །དཔྱིད་ཐ་དབོ་ནི་ཉ་ལ་ཚེས། །དབྱར་ར་ས་རི་ཉ་ལ་ཚེས། །དབྱར་འབྲིང་ལྷ་མཚམས་དབྱར་ཐ་སྣྲོན། །སྟོན་ར་གྲོ་བཞིན་འབྲིང་མོན་གྲེ། །སྟོན་ཐ་ཁྲུམ་སྟོད་ཉ་ལ་ཚེས། །དགུན་ར་ཐ་སྐར་འབྲིང་སྨིན་དྲུག ། དགུན་ཐ་མགོ་ནི་ཉ་ལའོ། །བདུན་ཟུར་ཉ་ཚེས་གོ་ལོག་འགྱུར། །སྐར་ཁང་ཡངས་དོག་མིག་སྐར་བསྟུན། །ཉ་ཚེས་སྒོ་སྤྲད་ལྷག་ཆད་བཅོལ། །ཤར་སྐར་དྲུག་ཤིང་ལྷོ་སྐར་མེ། །ནུབ་སྐར་ལྕགས་ལ་བྱང་སྐར་ཆུ། །མཚམས་བཞི་ས་ཡི་ཁམས་ཡིན་ནོ། །གང་བབས་འབྱུང་བ་རྐྱང་པ་ལ། །བརྩི་བྱའི་སྲོག་ལུས་དབང་ཀླུང་རུས། །འཐབ་བོ་ཡང་ན་རྒྱུ་སྐར་ནི། །ས་རིས་ལུགས་བཞིན་འཐད་པར་གསུངས། །ཐ་སྐར་པྲ་ཉེ་སྨིན་དྲུག་དང་། །སྣར་མ་མགོ་ལག་ནབས་སོ་རྒྱལ། །སྐག་མཆུ་གྲེ་དབོ་མེ་བཞི་ནག ། ས་རི་ས་ག་ལྷ་་མཚམས་སྣྲོན། །སྣྲུབས་དང་ཆུ་སྟོད་ཆུ་སྨད་དང་། །གྲོ་བཞིན་བྱི་བཞིན་མོན་གྲེ་དང་། །མོན་གྲུ་ཁྲུམས་སྟོད་ཁྲུམས་སྨད་དང་། །ནམ་གྲུ་དང་ནི་ཉེར་བརྒྱད་ཡིན། །གཟའ་སྐར་གང་ཚེས་བུ་བཅས་དར། །མ་ཞུད་གྲོགས་གྱོད་དགྲ་ནི་རྒུད། །དེ་ཡིས་རྩ་རྡེལ་ལྔ་བཅུ་གྲུབ། །
Domain རྩིས་རིག