94214

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐར་འགོ་བཞི་ (1)
Part of speech མིང་ཚིག
Definition ཕྱོགས་སྐར་དྲུག་དྲུག་གི་དང་པོའམ་འགོ་མ་བཞི་སྟེ། ཤར་སྐར་དྲུག་གི་འགོ་མ་སྨིན་དྲུག་དང་། ལྷོ་སྐར་དྲུག་གི་འགོ་མ་མཆུ། ནུབ་སྐར་དྲུག་གི་འགོ་མ་ལྷ་མཚམས། བྱང་སྐར་དྲུག་གི་འགོ་མ་མོན་དྲེ་བཅས་ཡིན། སྐར་འགོ་བཞི་པོ་དེ་ལས་གང་གི་སྟེང་དུ་མི་ཤི་ཡང་ངན་པས། དེར་དམིགས་ནས་ཤར་དུ་འབུམ་དང་ཁྲོམ་བཟློག ལྷོ་རུ་ཕལ་ཆེན་དང་ཞལ་བསྒྱུར། ནུབ་ཏུ་ཉི་ཁྲི་དང་སྟོང་དྲན། བྱང་དུ་བརྒྱད་སྟོང་པ་དང་ས་བདག་གི་བཅོས་བཅས་བྱས་ན་ངན་པ་ཐུབ་པར་བཤད། དེ་བཞིན་དུ་ཕྱོགས་སྐར་དྲུག་དྲུག་གི་ཐ་མ་བཞི་ལ་གནོད་པ་ཕུང་གདུག་གི་སྐར་མ་བཞི་ཞེས་ཟེར་ཞིང་། དེ་དག་ནི་ཤར་སྐར་དྲུག་གི་ཐ་མ་རྒྱལ་དང་། ལྷོ་སྐར་དྲུག་གི་ཐ་མ་ས་རི། ནུབ་སྐར་དྲུག་གི་ཐ་མ་གྲོ་བཞིན། བྱང་སྐར་དྲུག་གི་ཐ་མ་ཐ་སྐར་བཅས་ཡིན། སྐར་འཇུག་བཞི་པོ་དེ་ལས་གང་གི་སྟེང་དུ་མི་ཤི་ཡང་ངན་པས། དེར་དམིགས་ནས་ཤར་དུ་གཙུག་ཏོར་དང་། ལྷོ་རུ་སྣང་བརྒྱད། ནུབ་ཏུ་གཟའ་ཡུམ། བྱང་དུ་ཤེར་སྙིང་བཅས་བཏོན་ན་ངན་པ་ཐུབ་པར་བཤད།
Domain རྩིས་རིག