94226
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱ་གར་ནས་བསྒྱུར་བའི་གཞུང་གི་གྲས་ལ་དུས་འཁོར་རྩ་རྒྱུད་དང༌། དུས་འཁོར་བསྡུས་རྒྱུད། བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད། དཔལ་ལྡན་སྭརོད༌ཡི་རྒྱུད་དམ་དབྱངས་འཆར་གྱི་རྒྱུད། མིག་བཅུ་གཉིས་པའི་མདོ། སྟག་རྣའི་རྟོགས་བརྗོད། ཉི་མའི་སྙིང་པོའི་མདོ་སོགས་མདོ་རྒྱུད་མང་པོ་དང་སྟོད་འགྲེལ། བོད་གཞུང་ལ་མཚོན་ན། རྗེ་རང་བྱུང་ཞབས་ཀྱི་རྩིས་གཞུང་ཀུན་ལས་བཏུས་པ། བུ་སྟོན་གྱི་མཁས་པ་དགའ་བྱེད། མཁས་གྲུབ་རྗེའི་ཊིཀ་ཆེན་དེ་ཉིད་སྣང་བ། མཁས་གྲུབ་ནོར་བཟང་རྒྱ་མཚོའི་དྲི་མེད་འོད་རྒྱན། ཕུག་པ་ལྷུན་གྲུབ་རྒྱ་མཚོའི་པད་དཀར་ཞལ་ལུང་མ་བུ། ལོ་ཆེན་དྷརྨ་ཤྲཱིའི་ཉིན་བྱེད་སྣང་བ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻཌཱུརྻ་དཀར་པོ་མ་བུ། སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་དགེ་ལྡན་རྩིས་གསར་མ་བུ། ཐུའུ་བཀྭན་ཆོས་ཀྱི་ཉི་མའི་མཁས་པའི་སྙིང་ནོར། ཕྱག་མཛོད་གསུང་རབ་ཀྱི་རིགས་ལྡན་སྙིང་གི་ཐིག་ལེ། བྲག་དགོན་བསྟན་པ་རབ་རྒྱས་ཀྱི་རིགས་ལྡན་མཆོད་པའི་འོད་སྣང་སོགས་སྐར་རྩིས་ཀྱི་ཁུངས་སམ་གཞུང་ལུགས་ཤིན་ཏུ་མང་ངོ་། ། |