94240
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མི་ཕམ་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས་བྱུང་བ་སྟེ། འདོད་དགར་བསྒྱུར་བའི་དབང་ཕྱུག་ཕུན་སུམ་ཚོགས་པ། དེ་བཞིན་དུ་མཚན་དཔེའི་གཟུགས་བཟང་པོ། འཁོར་ལ་སོགས་པའི་ཚད་མེད་པའི་དཔལ་འབྱོར། འཇིག་རྟེན་ཀུན་ལ་སྙན་པར་གྲགས་པ། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས། སེམས་ཅན་གྱི་དོན་མཛད་པའི་བརྩོན་འགྲུས་ཕུན་སུམ་ཚོགས་པ་དང་དྲུག་གོ ། འདི་རྣམས་རིམ་པ་ལྟར་བསམ་གཏན་བཟོད་པ་སྦྱིན་པ་ཚུལ་ཁྲིམས་ཤེས་རབ་བརྩོན་འགྲུས་ཀྱི་འབྲས་བུའོ། །འདི་རྣམས་ལ་ལེགས་པའི་ཡོན་ཏན་དྲུག་ཅེས་བརྗོད་དོ། ། |
| Domain | ཆོས་ལུགས། |