94241

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐལ་པ་བཟང་པོར་འགྱུར་བའི་ལས་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་སློབ་པའི་བློ་གྲོས་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ འདུ་ཤེས་ཇི་ལྟ་བ་བཞིན་དུ་ཡང་དག་པ་དང། མ་ཚང་བ་མེད་པ་དང་། སྒྲོ་བཏགས་པ་མེད་པའི་ཚིག། ༢ ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ཆེན་པོ་དང་། ཐེག་པ་རྣམ་པ་གསུམ་པོ་ཐམས་ཅད་ཀྱི་ཚིག་གི་རང་བཞིན་ལ་མི་བཟོད་པ་མེད་ཅིང་མི་སྨོད་ལ། མི་སྤོང་ཞིང་དེ་ཐམས་ཅད་དུ་གཟུང་བ། ༣ བཤད་པ་དང་། བཀླག་པ་དང་། ཁ་ཏོན་ལ་སོགས་པ་བྱེད་པ་དང་། ངག་གི་སྐྱོན་བཞི་པོ་ཚད་མེད་པ་རྣམ་པར་སྤོང་ཞིང་འཕགས་པའི་ལམ་ལ་སྐུར་པ་མི་འདེབས་པ། ༤ སེམས་ཅན་ལོག་པར་སྒྲུབ་པ་ལ་གནས་པ་རྣམས་ལ་སྙིང་བརྩེ་ཞིང་ཡོངས་སུ་བསྐྱང་བ་དང་། སྐྱོན་དེ་ལས་བཟློག་ཅིང་དགེ་བ་ལ་དགོད་པ། ༥ གཞན་གྱི་སྐྱོན་མཐོང་བའི་བརྗོད་པ་ཡལ་བར་འཇོག་པའོ། །
Domain ཆོས་ལུགས།