94242
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། དཔལ་མགོན་བརྒྱ་རྩ་བརྒྱད་ལས་བསྟན་པའི་བཀའ་སྲུང་ཞིག་སྟེ། རྣམ་པར་རྒྱལ་བའི་མཆོད་བསྐངས་ལས། སྐལ་བའི་ཤེད་ཟ་བཅུ་གསུམ་ཡང། ཞེས་སོ། །བཅུ་གསུམ་ནི། དཔལ་མགོན་ཁ་ལ་འོད་འབར། ཡུམ་ཆེན་སྲིད་པ་ཆགས་བྱེད་མ། ཡུམ་ཆེན་འདོད་ཁམས་དབང་ཕྱུག་མ། ཡུམ་ཆེན་འཇིག་རྟེན་དབང་སྡུད་མ། ཡུམ་ཆེན་གླིང་བཞིའི་སྤྱི་ཕུད་མ། ཡུམ་ཆེན་སྣང་སྲིད་ཀུན་གྲགས་མ། ཡུམ་ཆེན་ཉི་མའི་ཐོད་ཕྲེང་མ། ཡུམ་ཆེན་ཁམས་གསུམ་རྣམ་ཁྲོས་མ། ཡུམ་ཆེན་གནོད་སྦྱིན་དཔལ་བཟང་མ། ས་ཡི་ལྷ་མོ་བརྟན་མ། ལྷ་མོ་སྣང་ལྡན་ཟེར་འཕྲོ་མ། དཔལ་མགོན་སྒྲ་དབྱངས་རྒྱལ་མོ། དཔལ་མགོན་རྒྱལ་མོ་དཔལ་མོ་ཆ་བཅས་ཡིན་ནོ། དེ་དག་གི་སྐུ་མདོག་སོགས་ནི་རྣམ་རྒྱལ་མཆོད་གཞུང་ན་གསལ་བས་དེར་གཟིགས། |
| Domain | ཆོས་ལུགས། |