94245
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། དབང་ཕྱུག་དང་། གཟུགས་བཟང་དང་། གྲགས་པ་དང་། དཔལ་དང་། ཡེ་ཤེས་དང་། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། དེ་ལ་དབང་ཕྱུག་ཕུན་སུམ་ཚོགས་པ་ནི་ཟད་པར་དང་ཟིལ་གནོན་ལ་སོགས་པའམ་དབང་བཅུ་དང་ལྡན་པ་ལྟ་བུ་སྟེ། བརྟན་གཡོ་ཐམས་ཅད་ལ་འདོད་དགུར་སྒྱུར་བའོ། །གཟུགས་བཟང་ནི་མཚན་དང་དཔེ་བྱད་དོ། །དཔལ་ནི་ཡོངས་སུ་དག་པའི་ཞིང་ཁམས་མཆོད་པའི་ཡོ་བྱད་དཔག་ཏུ་མེད་པ་དང་བཅས་པའོ། །གྲགས་པ་ནི་འགྲོ་བ་མཐའ་དག་གི་མཆོད་འོས་སུ་གྱུར་པས་བསྟོད་པའོ། །ཡེ་ཤེས་ནི་སྟོབས་བཅུ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའོ། །བརྩོན་འགྲུས་ཕུན་སུམ་ཚོགས་པ་ནི་འབད་རྩོལ་མེད་ཅིང་རྣམ་པར་རྟོག་པ་མེད་པར་ཕྱོགས་བཅུ་དུས་གསུམ་གྱི་སེམས་ཅན་རྣམས་ལ་གང་ལ་གང་འདུལ་གྱི་དོན་འཁྲུལ་པ་མེད་ཅིང་དུས་ལས་མ་ཡོལ་བར་འཇུག་པ་སྟེ། འདི་ལྟ་བུའི་སྐལ་བ་དྲུག་ནི་དངོས་སངས་རྒྱས་རྣམས་ཁོ་ན་ལ་མངའ་ལ། རྗེས་མཐུན་པ་བྱང་ཆུབ་སེམས་དཔའ་ལ་ཡང་ཡོད་ཅིང་། གཞན་རྣམས་ལ་མེད་དོ། ། |
| Domain | ཆོས་ལུགས། |