94248

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐལ་བ་མི་མཉམ་པའི་ཀུན་འགྲོ་བའི་ཕྲ་རྒྱས་ (1)
Part of speech མིང་ཚིག
Definition ཀུན་འགྲོ་བཅུ་གཅིག་དེ་དག་ལས་དགུ་གོང་དུ་དམིགས་པ་སྐལ་པ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་སྟེ། འཇིག་ལྟ་དང་མཐར་འཛིན་ལྟ་བ་གཉིས་པོ་མ་གཏོགས་པའོ། །དེ་ཡང་རེས་འགའ་ནི་སྐལ་བ་མི་མཉམ་པའི་ཁམས་གཅིག་ལ་དམིགས་སོ། །རེས་འགའ་ནི་གཉིས་ལ་དམིགས་ཏེ། འདོད་པ་དང་ལྡན་པ་གཟུགས་དང་ལྡན་པ་ལ་དམིགས་པ་རྣམས་ལ། གཟུགས་མེད་པ་དང་ལྡན་པ་ལ་རྣམས་དང་། འདོད་པ་དང་ལྡན་པ་གཟུགས་མེད་པ་དང་ལྡན་པ་ལ་དམིགས་པ་རྣམ་པའི་ཕྲ་རྒྱས་གང་དག་ཡིན་པ་ཞེས་འབྱུང་བའི་ཕྱིར་རོ། །ཅི་ཕྲ་རྒྱས་ཁོ་ན་ཀུན་ཏུ་འགྲོ་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ་ཕྲ་རྒྱས་ཀུན་ཏུ་འགྲོ་བ་དེ་དག་དང་ནི་ལྷན་ཅིག་གང་འབྱུང་བ་དེའང་ཀུན་ཏུ་འགྲོ་བ་ཡིན་ལ། ཐོབ་པ་རྣམས་ནི་འབྲས་བུ་དུ་མའི་ཕྱིར་མ་གཏོགས་སོ། །གཞན་ཡང་། གང་གི་ཚེ་འདོད་པའི་ཁམས་ན་གནས་པ་ཚངས་པ་ལ་སེམས་ཅན་དུ་ལྟ་བ་དང་། རྟག་པར་ལྟ་བ་སྐྱེད་པར་བྱེད་པ་དེའི་ཚེ་ཇི་ལྟར་འཇིག་ཚོགས་དང་། མཐར་འཛིན་པར་ལྟ་བ་སྐལ་བ་མི་མཉམ་པའི་ཁམས་ལ་དམིགས་པ་དག་མ་ཡིན་ཞེ་ན། མ་ཡིན་ཏེ། བདག་དང་བདག་གིར་མི་འཛིན་པའི་ཕྱིར་དང་། མཐར་འཛིན་པར་ལྟ་བ་ཡང་དེས་ཀུན་ནས་བསླང་བའི་ཕྱིར་རོ། །འོ་ན་འདི་ལྟ་བུ་གང་ཞིག་ཡིན་ཞེ་ན། ཆོས་མངོན་པ་བ་རྣམས་ན་རེ། འདི་ནི་ལྟ་བ་མ་ཡིན་གྱི་འདི་ནི་ལོག་པའི་ཤེས་པ་ཡིན་ནོ་ཞེས་ཟེར་རོ། །ཡང་དེ་ལ་དམིགས་པ་གཞན་དག་ནི་ལྟ་བ་ཡིན་གྱི་འདི་ནི་ལྟ་བ་མ་ཡིན་ནོ་ཞེས་བྱ་བ་གང་ལ་ཤེ་ན། གྲུབ་པའི་མཐའ་ནི་ཚད་མར་བྱ་དགོས་སོ། །ཞེས་མཛོད་རང་འགྲེལ་ལས་གསུངས་སོ། །
Domain ཆོས་ལུགས།