9427

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟའ་ (1)
Part of speech མིང་ཚིག
Definition ཉི་མ་དང་ཟླ་བ་སོགས་ཀྱི་གཟའི་མིང་སྟེ།
Keyword True
Example གཟའ་ཟླ་བ། གཟའ་མིག་དམར། གཟའ་ཉི་མ་ལྟ་བུ།
གཟའ་ (2)
Part of speech མིང་ཚིག
Definition སྐར་རྩིས། མིག་དམར་སོགས་གནམ་གོ་ལར་རྒྱུ་བའི་གཟའ་དང་། གཟའ་དེ་དག་གི་སྤྱི་མིང་།
Domain རྩིས་རིག
གཟའ་ (3)
Part of speech མིང་ཚིག
Definition ཉིན་རེར་རེས་སུ་འཁོར་བའི་རེས་གཟའ་དང་། དེའི་སྤྱི་མིང་།
གཟའ་ (4)
Part of speech མིང་ཚིག
Definition གཟའི་དྷྲུ་ཝའི་བསྡུས་མིང་།
གཟའ་ (5)
Part of speech མིང་ཚིག
Definition གཟའ་བར་བའི་བསྡུས་མིང་།
གཟའ་ (6)
Part of speech མིང་ཚིག
Definition གཟའ་ཕྱེད་དག་པའི་བསྡུས་མིང་།
གཟའ་ (7)
Part of speech མིང་ཚིག
Definition ཚེས་ལ་རྒྱུ་བའི་ཀླུ་བཙན་གཉན་གྱི་རིགས་ཤིག
གཟའ་ (8)
Part of speech མིང་ཚིག
Definition དག་པའི་གཟའ་ཡི་བསྡུས་མིང་།
གཟའ་ (9)
Part of speech མིང་ཚིག
Definition གཟའི་གནས་སམ་ཆུ་ཚོད་འཁོར་ལོ་ལོན་པའི་གྲངས་ཀ་དྲིལ་བའི་གནས་ཤིག །
གཟའ་ (10)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། སྡེ་དྲུག་སྲུང་མ་དྲུག་ཅུའི་ཡ་གྱལ་གྱི་མིག་དམར་ལྷག་པ་སོགས་ཡེ་ཤེས་ཀྱི་ལྷ་དང་། དེ་དག་གི་སྤྱི་མིང་།
Domain ཆོས་ལུགས།
གཟའ་ (11)
Part of speech མིང་ཚིག
Definition དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་མེ་རླུང་མཚམས་ལ་གནས་པའི་མིག་དམར་ལ་སོགས་པའི་ལྷ་དང་། དེ་དག་གི་སྤྱི་མིང་།
གཟའ་ (12)
Part of speech མིང་ཚིག
Definition མ་གཟའ་དམ་གསུམ་གྱི་ནང་ཚན་བསྟན་པའི་བཀའ་སྲུང་ཞིག
གཟའ་ (13)
Part of speech མིང་ཚིག
Definition ལྷའི་སྡེར་གཏོགས་ཤིག་སྟེ། ཅོ་ནེའི་མཛོད་ཀྱི་ཊཱིཀྐ་ལས། གཟའ་དང་རྒྱུ་སྐར་དྲི་ཟ་རྣམས་ལྷར་གཏོགས། ཞེས་གསུངས།
གཟའ་ (14)
Part of speech མིང་ཚིག
Definition ལྷ་དེའི་གནས་ལ་ཡང་དེ་ལྟར་བརྗོད་དོ། །
གཟའ་ (15)
Part of speech མིང་ཚིག
Definition བདུན་གྱི་མིང་གི་མངོན་བརྗོད།
Type མངོན་བརྗོད།