94273

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐལ་ལྡན་འདུས་པའི་ཚོགས་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སྐལ་ལྡན་འདུས་པའི་ཚོགས་ནི། རོལ་པ་ཚོགས་ཀྱི་དཀྱིལ་འཁོར་གྱི་ཡ་གྱལ་ལས་དང་པོ་སྟེ། ཕྱོགས་བཅུའི་མུན་སེལ་ལས། དང་པོ་ནི་དམ་ཚིག་དང་ལྡན་པའི་རྣལ་འབྱོར་ཕོ་མོ་ཟུང་དུ་ཚོགས་པ་སྟེ་ཐབས་དང་ཤེས་རབ་ཀྱི་རང་བཞིན་མཚོན་པའོ། །དེའང་འདུས་པ་ཆུང་ངུའི་ཚེ་གཙོ་བོ་ཡབ་ཡུམ་ཙམ། སྐུ་གསུང་ཐུགས་ཀྱི་རང་བཞིན་ཟུང་གསུམ། རིགས་ལྔའི་མཚོན་བྱེད་ཟུང་ལྔ་སྟེ། གཉིས་དང་། དྲུག་དང་། བཅུ་ཚང་བའོ། །འདུས་པ་འབྲིང་ལ་དཀྱིལ་འཁོར་གྱི་གྲངས་ཏེ་བརྒྱའོ། །འདུས་པ་ཆེན་པོ་ལ་དེ་ཡན་ཆད་རབ་ཏུ་མང་པོའོ། །དེ་སྐད་དུའང་གསང་རྒྱུད་ལས། འདུས་པ་ཆུང་ལ་གཉིས་དྲུག་བཅུ། །འབྲིང་ལ་དཀྱིལ་འཁོར་གྲངས་ཡིན་ཏེ། །ཆེན་པོ་རབ་ཏུ་མང་པོའོ། །ཞེས་སོ། །དེའང་རྣལ་འབྱོར་ཕོ་མོ་གང་རུང་མང་པོ་ཚོགས་ཀྱང་ཟུང་དུ་མ་འབྲེལ་བས་དཔའ་བོའི་དགའ་སྟོན་དང་། དཔའ་མོའི་དགའ་སྟོན་ཞེས་པར་འགྱུར་རོ། །ཞེས་གསུངས་སོ། །
Domain ཆོས་ལུགས།