94303
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། སྐུ་གདུང་ཚ་ཚའི་རིམ་པ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། སྐུ་གདུང་ཚ་ཚའི་རིམ་པ་འགྲོ་ཀུན་དོན་དུ་ཨོ་རྒྱན་ཆེན་པོའི་གསུང་ལས༔ བདག་འདྲ་མཁར་ཆེན་བཟས་ཆོས་འབྱུང་གི་གནས་ཀོ་རོ་བྲག་ཏུ་ཡི་གེར་བཀོད་པའོ༔ ཞེས་གསལ་བ་ལྟར། གུ་རུའི་གསུང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཀོད་པ་ཉིད། གཏེར་ཆེན་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་ནས་བཏོན་པའོ། །འདིའི་ནང་དོན་ལ། དང་པོ་སྔོན་འགྲོ་སེམས་བསྐྱེད་དང་ལྡན་པའི་རྣལ་འབྱོར་པས་ཆོ་ག་རྣམས་སྒྲུབ་ཁོག་དང་མཐུན་པར་ས་སློང་བྱ་བ་དང་། གཉིས་པ་དངོས་གཞི་སྐུ་གདུང་ཚ་ཚ་ཇི་ལྟར་འདེབས་པའི་ཚུལ་དང་། གསུམ་པ་རྗེས་སྐུ་གདུང་ཚ་ཚ་དེ་དག་མཆོད་རྟེན་སོགས་སུ་བཞུགས་སུ་གསོལ་ནས་ཆར་ཉི་སོགས་ཀྱིས་གནོད་པ་མེད་པ་བྱེད་ཚུལ་བཅས་བསྟན། |