From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྐུ་གདུང་རིགས་ལྔ་ (1)
| Part of speech
|
མིང་ཚིག
|
| Definition
|
ཤའི་རྟེན་དུ་གདུང་ཤ་རཱི་རམ་དཀར་སེར་རིན་པོ་ཆེ་གདུང་སྟེ་ཡང་དག་གི་རྟེན་དུ་བཞག་པའོ། །ཁྲག་གི་རྟེན་དུ་ཆུ་རཱི་རམ་མཐིང་ག་རྡོ་རྗེའི་གདུང་སྟེ་སྲ་ཞིང་མཁྲེགས་པས་རྡོ་རྗེའི་གདུང་དུ་བཞུགས་པའོ། །རུས་པའི་རྟེན་དུ། བ་རཱི་རམ་སེར་པོ་རིན་པོ་ཆེའི་གདུང་དུ་བྱོན་ཏེ་རྒྱལ་ཚབ་ཉིད་ཀྱི་རྟེན་དུ་བཞག་པའོ། །ཡན་ལག་གི་རྟེན་ཏུ་ཉ་རཱི་རམ་ལྗང་ཁུ་ལས་ཀྱི་གདུང་སྟེ་ཤིན་ཏུ་སྲ་མཁྲེགས་ལས་ཀྱི་གདུང་དུ་བཞག་པའོ། །འབྱུང་བཞིའི་དྭངས་མ་ལ་པཉྩ་རམ་འབྱོན་ཏེ་ཁ་དོག་ལྔ་ལྡན་དེ་བཞིན་གཤེགས་པའི་གདུང་དུ་བཞག་པའོ། །
|
| Domain
|
ཆོས་ལུགས།
|
སྐུ་གདུང་རིགས་ལྔ་ (2)
| Part of speech
|
མིང་ཚིག
|
| Definition
|
གདུང་ཤཱ་རཱི་རམ་མགོ་ལས་འབྱུང་། ཆུ་རཱི་རམ་ཁྲག་ལས་འབྱུང་། བ་རཱི་རམ་སྒལ་ཚིགས་ལས་འབྱུང་། ཉ་རཱི་རམ་རྐང་ལས་འབྱུང་། པཉྩ་རམ་སྙིང་ལས་འབྱུང་བའོ། །
|